| | e-texts navigator
|
310b1 པར་བསྒྲགས་སོ།། ལ་ལན་འདི་སྐད་དུ། དེ་ཉིད་མཚན་ཉིད་མེད་པ་ལས།། མཚན་ཉིད་སྣ་ཚོགས་པར་སྣང་བས།། ཀུན་འབྱུང་དབྱིངས་ཀྱི་རང་བཞིན་པས།། མྱེད་ལ་ཟད་མ་ཤེས་པར་མཛད།། ཅེས་གསང་བ་དམ་པར་བསྔགས་སོ།། ལ་ལ་ནི་འད་སྐད་དུ། སྐུ་རྒྱགས
310b2 ཐེག་པའི་ལྟ་བ་དང་།། སྡོམ་པ་སྲུང་བའི་བྱ་བ་ཀུན།། སྨད་པར་བྱ་བ་མ་ཡིན་ཡང་།། ཀུན་ཀྱང་མ་འདྲེས་ཡོངས་སུ་རྫོགས།། ཞེས་གསང་བ་དམ་པར་བསྔགས་སོ།། ལ་ལ་ནི་འདི་སྐད་དུ། དེ་ལ་ཕྱོགས་དང་དུས་མེད་པར།། གང་གིས་ཕྱོགས་དང་དུས་བརྟགས་པའི།། དེ་ཉིད་དེ
310b3 ལ་རྣམ་པར་སྣང་།། སངས་རྒྱས་ཀྱིས་ནི་དེ་མི་མཁྱེན།། ཞེས་གསང་བ་དམ་པར་བསྔགས་སོ།། ལ་ལ་ནི་འདི་སྐད་དུ། བསམ་གྱིས་མི་ཁྱབ་ཀུན་ཤེས་ནས།། བསམ་དུ་མེད་པར་དེ་བཞུག་ན།། དཔག་ཏུ་མེད་པའི་ཡོན་ཏན་འབྱུང་།། རྣམ་པ་ཐམས་ཅད་མཁྱེན་པ་ཡིན།།
310b4 ཞེས་གསང་བ་དམ་པར་བསྔགས་སོ།། ལ་ལ་ནི་འདི་སྐད་དུ། བསམ་གྱིས་མི་ཁྱབ་མི་ཤེས་པར།། བསམ་མེད་དང་དུ་གླང་འཇོག་པ།། བྱིས་པ་དེ་ནི་བླུན་པ་སྟེ།། མུན་པའི་སྐྱེ་མཆེད་ཉིད་དུ་འགྱུར།། ཞེས་ཀུན་ནས་བརྩེ་བ་དམ་པར་བསྔགས་སོ།། ལ་ལ་ནི་འདི་སྐད་དུ།
310b5 བསམ་མེད་བསམ་གྱིས་མི་ཁྱབ་ཆོས།། ལྷག་པར་མཐོང་ནས་ཞི་གནས་པ།། རྣམ་རྟོག་སྤོང་ལེན་གང་བྱེད་པ།། དེ་དག་སྒྲིབ་པ་མུ་མཐའ་ཡས།། ཞེས་པ་ཤེས་གཉེན་དམ་པ་ཉིད་དུ་གདམས་སོ།། ལ་ལ་ནི་འདི་སྐད་དུ། སྣ་ཚོགས་སོ་སོ་ཀུན་རིག་ཀྱང་།། ཀུན་གྲོལ
310b6 རྣམ་དྲུག་ལམ་མེད་ན།། དམ་པ་ཉིད་ལས་ཤིན་ཏུ་གོལ།། ནམ་ཡང་ངེས་པརྗོད་པ་མེད།། ཞེས་བཀ་། འདམ་པར་གདམས་སོ།། ལཱ་ལ་ནི་འདི་སྐདང་། སྣ་ཚོགས་རིམ་གྱིས་འཇུག་པ་དང་།། བས་མ་སྤོད་བློ་ཡི་ནང་དུ་འགྱུར།། བསམ་མེད་ཡོངས་སུ་རྫོགས
310b7 མ་གྱིས་པ་ཡི་དུག་ཆེན་ཡིན།། ཞེས་ཁྱད་པར་དམ་པར་གདམས་སོ།། ལ་ལ་ནི་འདི་སྐད་དུ། སྣ་ཚོགས་སོ་སོར་མ་རིག་པར།། དེ་བཞིན་ཉིད་དུ་ངེས་མི་རྙེད།། དེ་ཉིད་ངེས་པ་མ་རྙེད་ན།། སྣ་ཚོགས་སྨྲ་བ་རུང་མ་ཡིན།། ཞེས་ནན་ཏན་དམ་པར་གདམས་སོ།། ལ་ལ་ནི་འདིས
iiif viewer powered by OpenSeadragon
310a - 311a