e-texts navigator
Collection
Volume
Page
Wylie

309a1 ངོ་བོ་ཉིད་དུ་བཅོམ།། ཞེས་གསུངས་སོ།། ཡང་བཅོམ་ལྡན་འདས་སྨན་གྱི་རྒྱལ་པོ་ངོ་བོ་ཉིད་དག་པས་འདི་སྐད་དུ། དཔག་མེད་འཇིག་རྟེན་རྡུལ་སྙེད་ན།། འགྲོ་བ་རྡུལ་ཕྲན་བསམ་ཡས་ལ།། ཁྱད་པར་དེ་བཞིན་ཉིད་སྣང་བས།། ཏིལ་འབྲུ་མར་གྱིས་ཁྱབ
309a2 ལྟར་གནས།། ཞེས་གསུངས་སོ།། ཡང་བཅོམ་ལྡན་འདས་གསེར་གྱི་འོད་འཕྲེང་བོ་ཉིད་དག་པས་འདི་སྐད་དུ། རྡུལ་ཕྲན་གཅོང་ཙམ་གང་ཟག་ལ།། དགོངས་ཏེ་མདུན་དུ་གསུང་བརྗོད་པ།། དཔག་མེད་མཛའ་ཡས་རྡུལ་སྙེད་ཙམ།། དེ་སྙེད་ཀུན་དུ་ཐོས་པར་གྲོལ།
309a3 སྤངས་སོ།། ཡང་བཅོམ་ལྡན་འདས་བཀོད་པའི་རྒྱལ་པོ་ངོ་བོ་ཉིད་དག་པས་འདི་སྐད་དུ། གསུང་གཅིག་མི་ཟད་མཛའ་ཡས་གསུང་།། མཐའ་དང་དབུས་མེད་ཀུན་དུ་ཁྱབ།། ཁྱབ་དང་ཁྱབ་མེད་རྡོ་རྗེ་གསུང་།། སྣ་ཚོགས་དངོས་མེད་དེ་བཞིན་ཉིད།། ཅེས་གསུངས་སོ།། ཡང་བཅོམ་ལྡན་འདས
309a4 གསེར་གྱི་གསུང་ངོ་བོ་ཉིད་དག་པས་འདི་སྐད་དུ། གང་ཡང་མ་བཅོས་དེ་ཉིད་ལ།། ཕྱོགས་དང་སྔ་ཕྱི་དུས་མེད་དེ།། ཐམས་ཅད་དེ་བཞིན་ཉིད་ཀྱི་དབྱིངས།། དེ་ཉིད་རང་རིག་རང་ཉིད་དོ།། ཞེས་གསུངས་སོ།། ཡང་བཅོམ་ལྡན་འདས་དཔལ་གྱི་རྒྱལ་པོ་ངོ་བོ་ཉིད་དག་པས་འདི
309a5 སྐད་དུ། དེ་ཉིད་དེ་སྟེད་རང་བཞིན་ཏེ།། དེ་ཉིད་ལྡན་པ་ལ།། སྐྱེས་པ་རྣམས་ཀྱིས་སུཾསྐྱེ་སྐྱེ་བདང་།། དེ་ལ་ག། སྱཱང་དེ་བྱུང་མེད།། གསུངས་སྷོ།། ཡང་བཅོམ་ལྡན་འདས་སྣ་དུང་རྗེ་གས་པའི་དཔཔང་བྱེད་དག་པས་འདི་སྐད་དུ། བྱུང་ཏེད་རྣམས
309a6 རང་བཞིན་དུ།། མི་མཐུན་པ་དང་གཉེན་པོ་གཉིས།། ཡེ་ནས་དབྱེར་མེད་གཅིག་པས་ན།། གནོད་པས་འཇིགས་པ་ག་ལ་ཡོད།། ཅེས་གསུངས་སོ།། ཡང་བཅོམ་ལྡན་འདས་ངོ་བོ་ཉིད་དག་པའི་དཔལ་ངོ་བོ་ཉིད་དག་པས་འདི་སྐད་དུ། མི་འགྱུར་ནམ་མཁའི་རང་བཞིན་ཏེ།
309a7 དག་པ་དག་ལ་དག་པ་ཉིད།། རྟོག་པ་དག་ལ་རྟོག་པར་སྣང་།། ཅེས་འདུལ་དེར་སྣང་ཅི་ཡང་མེད།། ཅེས་གསུངས་སོ།། ཡང་བཅོམ་ལྡན་འདས་དགའ་མཆོག་དཔལ་ངོ་བོ་ཉིད་དག་པས་འདི་སྐད་དུ། རང་བཞིན་རང་གིས་མ་བཅོས་པ། ཡང་གིས་འོད་གསཔ་དེ་བ




iiif viewer powered by OpenSeadragon

308b - 309b

Texts on this page

Gdg007.2 - de bzhin gshegs pa thams cad kyi thugs gsang ba'i ye shes don gyi snying po rdo rje bkod pa'i rgyun rnal 'byor grub pa'i lung kun 'dus rig pa'i mdo theg pa chen po mngon par rtogs pa chos kyi rnam grangs rnam par bkod par zhes bya ba'i mdo