| | e-texts navigator
|
307b1 ཡང་བཅོམ་ལྡན་འདས་སྙིང་རྗེའི་རྒྱལ་པོ་བ་ཉིད་དག་པས་འང་སྐད་དུ། འཁོར་བ་མྱ་ངན་འདས་རྟག་པ།། དེ་བཞིན་ཉིད་ཀྱི་དབྱིངས་ཉིད་དུ།། ཡེ་ནས་མྱ་ངན་འདས་པས་ན།། རང་བཞིན་ལྷན་གྲུབ་ཚོགས་གཉིས་རྫོགས། ཞེས་གསུངས་སོ།། ཡང་བཅོམ་ལྡན་འདས་ངོ་བོ་ཉིད
307b2 པ་འདི་སྐད་དུ། ཆོས་སོ་ཅོག་གི་རང་བཞིན་ནི། མ་སྐྱེས་པ་ལས་ཐམས་ཅད་སྐྱེ།། སྐྱེས་པ་ཉིད་ན་སྐྱེ་བ་མེད།། རིགས་མཆོག་རྡོ་རྗེ་སྐྱེ་གནས་དམ།། ཞེས་གསུངས་སོ།། ཡང་བཅོམ་ལྡན་འདས་ཡོངས་སུ་དགོངས་པའི་རྒྱལ་པོ་ངོ་བོ་ཉིད་དག་པས་འདི་སྐད་དུ།། དེ་བཞི
307b3 དུ་ཀུན་རིག་ན།། དེས་ཁྱབ་གར་གནས་སངས་རྒྱས་ཞིང་།། ཡོན་ཏན་རིན་ཆེན་སྤྲིན་བཀོད་པ།། དགོད་པར་བྱ་བ་ཅི་ཡང་མེད།། ཅེས་གསུངས་སོ།། ཡང་བཅོམ་ལྡན་འདས་གསེར་གྱི་འོད་ཟེར་ངོ་བོ་ཉིད་དག་པས་འདི་སྐད་དུ། དཔག་ཏུ་མེད་པའི་རྣལ་བ་རྣམས།། ཇི་བཞིན
307b4 དེ་བཞིན་ཉིད་ལ་བཞུགས།། དེ་བཞིན་ཉིད་དང་ཐམས་ཅད་ཀྱང་།། གཉིས་མེད་དེ་བཞིན་དེ་ཉིད་དོ།། ཞེས་གསུངས་སོ།། ཡང་བཅོམ་ལྡན་འདས་འོད་ཀྱི་དཔལ་ངོ་བོ་ཉིད་དག་པས་འདི་སྐད་དུ། འཁོར་བ་དང་ནི་མྱ་ངན་འདས།། སོ་སོར་སྣང་བ་མ་ཡིན་ཏེ།། ཇི་བཞིན་དེ
307b5 བཞིན་ཉིད་དེས་ན།། དེ་ལ་འཁོར་བའི་རང་བཞིན་མེད།། རྒྱས་གསུངས་སོ།། ཡང་བཅོམ་ལྡན་འདས་ཞི་བའི་དབང་པོ་ངོ་བོ་ཉིད་དག་པས་འདི་བཞིན་དུ།། དེ་བཞིན་ཉིད་ཀྱི་དེ་ཉིད་ནི།། དཔག་ཅིང་གཞལ་བར་མཐའ་ཡས་པས།། དཔག་མེད་རྒྱལ་པོའི་ཕོ་བྲང་ཡིན།། དེ་ན
307b6 ཀུན་བཀོད་དེར་གཅིག་ནས། ཞེས་གསུངས་སོ།། ཡང་བཅོམ་ལྡན་འདས་སྤྲིན་གྱི་དཔལ་ངོ་བོ་ཉིད་དག་པས་འདི་སྐད་དུ། ཐམས་ཅད་འབྱུང་བའི་ཆོ་འཇལ་ཡང་།། ཅིར་ཡང་འགྱུར་བའི་ཡེ་ཤེས་ཏེ།། གདོས་པར་གྱུར་པའི་ཆོས་མེད་པས།། ཇི་ལྟར་དམིགས་པ་བཞི
307b7 དུ་འབྱུང་།། ཞེས་གསུངས་སོ།། ཡང་བཅོམ་ལྡན་འདས་ཡིད་འོང་དབྲངས་ངོ་བོ་ཉིད་དག་པས་འདི་སྐད་དུ།། འཇིག་རྟེན་འཁོར་བའི་ཁ་བབྱུད་པས།། མ་རིག་ངོ་བོ་དེ་བཞིན་པ།། གཞི་རྩ་མེད་པའི་སྐད་ཅིག་མ།། དེ་ཉིད་རིག་ན་བདེ་ཆེན་གནས།། ཞེས་གསུངས་སོ།།
iiif viewer powered by OpenSeadragon
307a - 308a