| | e-texts navigator
|
307a1 རྡོ་རྗེ་དམ།། བཅོམ་ལྡན་འདས་ཡོན་ཏན་ཀུན་གྱི་འབྱུང་གནས་ངོ་བོ་ཉིད་དག་པས་དེ་སྐད་ཅེས་གསུངས་སོ།། གྲོགས་པོ་དག་གཞན་ཡང་འདི་ལྟ་སྟེ། ཡོད་མཐོང་སྣང་གྲགས་ཆོས་སོ་ཅོག། ཐ་དད་སྣ་ཚོགས་མཐའ་ཡས་ཀྱང་།། རང་བཞིན་མ་བཅོས་དེ
307a2 བཞིན་ཉིད།། མ་བསྒྲིབས་འོད་གསལ་རྣམ་དག་ཞིང་།། བཅོམ་ལྡན་འདས་དྲི་མེད་སྐྲ་ངོ་བོ་ཉིད་དག་པས་དེ་སྐད་ཅེས་གསུངས་སོ།། དེ་བཞིན་དུ་འདི་ལྟ་སྟེ། ཀུན་དུ་བཟང་པོའི་ཡེ་ཤེས་འདི།། སྲས་ཀྱང་མ་བྱས་དང་འབྱུང་སྟེ།། ཐམས་ཅད་འབྱུང་བའི་རྩ་བས་ན།། རང་ལས
307a3 བྱུང་བའི་དཀྱིལ་འཁོར་རྫོགས།། བཅོམ་ལྡན་འདས་དཀོན་མཆོག་སྨིན་ངོ་བོ་ཉིད་དག་པས་འདི་སྐད་ཅེས་གསུངས་སོ།། གཞན་ཡང་དགོངས་པ་རྣམ་པར་བཤད་པ་ནི་འདི་ལྟ་སྟེ། ཡེ་ནས་མ་བཅོས་པ་བཞིན་པ།། ཆོས་ས་ཅོག་གི་སྙིང་པོ་སྟེ།། མེད་པ་ལས་བྱང་སྣ་ཚོགས་སྡང་།
307a4 སྣང་མེད་དེ་བཞིན་དཀྱིལ་འཁོར་རྫོགས།། བཅོམ་ལྡན་འདས་བཀོད་པའི་དབྱུང་གནས་ངོ་བོ་ཉིད་དག་པས་དེ་སྐད་ཅེས་གསུངས་སོ།། གཞན་ཡང་འདི་ལྟ་སྟེ། དང་འབྱུང་རིག་པའི་སེམས་ཉིད་ཀྱིས།། མ་བཅོས་ཆོས་ཉིད་དབྱིངས་ཀྱི་དོན།། ལྷན་གྲུབ་ཐབས་དང་ཤེས་རབ་ལས།། ཡིང
307a5 དག་རང་བཞིན་དཀྱིལ་འཁོར་གསལ།། བཅོམ་ལྡན་འདས་སེང་གེ་སྒྲ་ངོ་བོ་ཉིད་དག་པས་དེ་སྐད་ཅེས་གསུངས་སོ།། གཞན་ཡང་བཅོམ་ལྡན་འདས་མཛེས་པའི་ཏོག་ངོ་བོ་ཉིད་དག་པས་གསུངས་པ། འཇིག་རྟེན་འཇིག་རྟེན་འདས་པ་ཡི།། བདེ་དང་མ་བདེ་རྣམ་པ་ཀུན།། དེ་བཞིན་ཉིད་དུ་ངོ
307a6 གཅིག་པས།། ཚོར་བ་བདེ་སྡུག་གང་ཡང་མེད།། ཅེས་གསུངས་སོ།། གཞན་ཡང་བཅོམ་ལྡན་འདས་མཛེས་པའི་རྒྱན་ངོ་བོ་ཉིད་དག་པས་འདི་སྐད་དུ། དེ་བཞིན་ཉིད་དུ་དོན་བསྟན་དུ།། དེ་བཞིན་ཉིད་དུ་ཀུན་གཅིག་པས།། གང་གིས་གང་ལ་གང་ཞིག་བསྟན།། ཉིད་ལ་ཉིད་གླེང
307a7 ནང་ཟད།། ཅེས་གསུངས་སོ།། གཞན་ཡང་བཅོམ་ལྡན་འདས་རྒྱལ་པོ་ང་བོ་ཉིད་དག་པས་འདི་སྐད་དུ། དེ་བཞིན་ཉིད་ཀྱི་དབྱིངས་ཉིད་ལ།། དུས་གསུམ་དུས་པཞིར་མི་རིགས་ཏེ།། ཡེ་ཤེས་རིག་པའི་ཁྱད་པར་པས།། སྐད་ཅིག་བསྐལ་པ་དེ་སྐད་ཅིག། ཅེས་གསུངས་སོ།།
iiif viewer powered by OpenSeadragon
306b - 307b