e-texts navigator
Collection
Volume
Page
Wylie

305b1 གནས་པར།། གང་ཤས་ཉན་མོངས་རྣམ་པར་གྲོལ།། གང་ཟིན་པར་མ་ཤེས་ན།། དམ་པ་ལམ་རྣམས་གྲོལ་མི་འགྱུར།། རྣལ་འབྱོར་དེ་ཉིད་བློ་ལྡན་པས།། ཉན་མོངས་ཟིན་པས་གང་སྨད་ཀྱང་།། རྣམ་སྒྲོལ་རང་འབྱུང་མྱ་ངན་འདས།། ཆགས་མེད་ཀྱིན་དནནམ
305b2 ཆེ།། གང་འདི་བློ་དང་མི་ལྡན་པས།། བློ་ལྡན་ཚུལ་དུ་གང་བྱེད་པ།། དམ་པར་གྲོལ་བར་མི་འགྱུར་གྱི།། འཆིང་བ་ཐར་རམ་འཁོར་བའི་དངོས།། ཐམས་ཅད་སྟེང་པར་ཤེས་པ་ཡི།། བློ་ཅན་མྱ་ངན་འདས་པ་སྟེ།། བྱ་བའི་ལས་ལ་ཤ་ཐོང་བའི།། ཚོགས་ཆེན་དཀའ་བ་ལས་དང
305b3 བྲལ།། དམ་པའི་བློ་གྲོས་ཐབས་མེད་དེ།། སྐྱེས་བུ་དམ་པ་རྣམས་དང་ནི།། འདུལ་བའི་དབང་གིས་དམན་པའི་ལུས།། སྟེན་པར་བྱེད་པའང་ལྟུང་བར་འགྱུར།། དམ་པའི་བློ་གྲོས་ཐབས་ཡོད་ན།། འཁོར་བ་དམན་པའི་དངོས་པོ་ཡང་།། སྐྱེས་བུ་དམ་པར་གྲོལ་འགྱུར་ཏེ།།
305b4 གྲོལ་བ་རང་འབྱུང་གཞན་ལས་མིན།། གྲོལ་དང་མ་ཛྭ་ལ་ལ་སྩོགས་པ།། གཉིས་སུ་རྟོག་པ་ཐམས་ཅད་མཐའ།། ཀུན་མཁྱེན་རྣམས་ནི་དབུས་པའང་མིན།། དེ་ནི་གྲོལ་མེད་གྲོལ་བའོ།། འདི་ནི་གསང་བདམ་པ་སྟེ།། མ་རྟོགས་བྲོ་རླུང་ཀུན་ལྔ་གས་།། སྨོན་ཡོན
305b5 ཉེས་པ་མ་ཡིན་ཏེ།། བློ་ཆུང་རྣམས་ལ་ཕན་ཕྱིར་རོ།། དེ་ཕྱིར་བློ་གྲོས་ཐབས་ལྡན་ལ།། རྩོལ་སྒྲུབ་ཡོ་བྱད་གཙོར་མ་གསུངས།། གྲལ་ཏེ་བྱས་ནའང་འགག་པ་མེད།། མ་བྱས་ན་ཡང་དེ་ལྟར་ངེས།། དེ་ལྟར་བློ་གྲོས་ཐབས་ལྡན་ན།། མཚམས་མེད་ལྔ་ཡི་སེམས་ཅན་ཀུན།།
305b6 བྱང་ཆུབ་སྙིང་རྗེ་མཚོན་གྱིས་བསད།། དཔག་མེད་དགེར་འགྱུར་མི་བསད་ན།། ཀུན་གྱིས་དོན་དུ་གཉེར་བ་ནི།། གང་གི་སེམས་ཀྱི་དབྱིངས་ཉིད་ཀྱི།། གང་གིས་བསྐལ་པ་དཔག་མེད་དུ།། སྲིད་གསུམ་དཀྲུགས་པས་དེ་རིག་མིན།། འདིར་ནི་བློ་གྲོས་ཐབས་ལྡན་པས།། བྱ
305b7 མེད་ཀྱིན་དང་རང་རིག་པས།། དོན་ཆེན་རྣལ་འབྱོར་ཉལ་མོ་བཙུན།། མ་བལ་སྒྲོན་གྱིས་གྲུབ་པ་ཡིན།། ཇི་ལྟར་མུན་པ་དྲུག་དང་རྫས།། སྨན་སྣང་གསེར་དུ་གྱུར་པ་ན།། འགྱུར་རྩི་མན་ངག་མེད་པའི་མིས།། དཀའ་བའི་ལས་ཆེན་སྣ་ཚོགས་པ།། སྡུག་བསྔལ་སྤྱད་ཀྱང




iiif viewer powered by OpenSeadragon

305a - 306a

Texts on this page

Gdg007.2 - de bzhin gshegs pa thams cad kyi thugs gsang ba'i ye shes don gyi snying po rdo rje bkod pa'i rgyun rnal 'byor grub pa'i lung kun 'dus rig pa'i mdo theg pa chen po mngon par rtogs pa chos kyi rnam grangs rnam par bkod par zhes bya ba'i mdo