e-texts navigator
Collection
Volume
Page
Wylie

304b1 གདུང་ཆེན་ལ།། ཡང་དག་བརྒྱད་ཀྲྀ་ཀ་བྱས་མཛེས།། རང་འབྱུང་ཡེ་ཤེས་དང་རྩེ་འཕགས།། བདེན་གཉིས་ཁྱམས་ཀྱིས་ངེས་པར་མཛེས།། ཡེ་ཤེས་བླུགས་རྗེ་ཡོན་ཏན་པས།། བྱིན་བརླབས་རྒྱན་གྱིས་མཛེས་པར་བརྒྱན།། ཟས་ཉིད་རླབས་ཀྱི་བླ་རེ་བྲེས།། སིབ་སྟན
304b2 སྒྲོགས་ཐེག་རྒྱན་ལྤགས།། ཇི་བཞིན་ཆོས་གྲཝ་པོ་ཟང་འདིར།། རྟུལ་བ་བཟློགས་པ་ད་ལྟ་ངས།། ཀུན་བ་ཟུང་སེམས་ཀྱི་ཉིད་ལྡས།། གནྡྷ་གཞིས་འདིས་ཡོངས་རྫོགས་ཆོས།། སེམས་དཔའ་ཕྲད་ཀྱིས་དེས་སྤོང་ངོས།། བསྟན་པ་ཅོམམ་ལྡན་མ་འཆང་།།
304b3 མཁའི་སྐས་བགྲོད་ནས།། ནམ་མཁའ་དབྱིངས་ཀྱི་དབུས་གནས་པར།། སྣང་སྲིད་མཐའ་ཐུག་མེད་ལ་ལྷ།། དེ་ས་ནི་དེ་ཡུ་ལ་ཡངས་པར་འགྱུར།། རྒྱ་མཚོ་རྡོ་རྗེས་གཏམས་བྱས་ཏེ།། དེ་ལ་གནས་པའི་སེམས་ཅན་ལ།། རྡོ་རྗེ་སེམས་དཔའ་བརྟན་བྱས་ཏེ།། ཐམས་ཅད་དམ་པའི
304b4 རྡོ་རྗེར་བྱང་།། ནམ་མཁའ་དབྱིངས་ཀྱི་ལིང་ག་ལ།། ཟླ་བའི་དཀྱིལ་འཁོར་དེདུས་གནས་པར།། མྱུར་མགྱོགས་ཆུ་ཟླའི་འཕེན་ཤུགས་ཀྱིས།། ཞིང་ཁམས་ཀུན་དུ་བགྲོད་པར་བྱ།། ནམ་མཁའ་དབྱིངས་ཀྱི་ལིང་གལ།། ཉི་མའི་དཀྱིལ་འཁོར་དབུས་གནས་པའི།། ཤིན་ཏུ་ངེས
304b5 པར་གྱུར་པ་དང་།། མུན་པའི་གནས་རྣམས་ཐམས་ཅད་གསལ།། རྣལ་འབྱོར་སྡིགས་མཛད་རྩ་མོ་ལ།། ཟླ་བའི་དཀྱིལ་འཁོར་འོ་གང་ལྔ་འབར།། ཤིན་ཏུ་བརྟན་པར་རེད་པ་དང་།། ཆུ་དེས་སྲེག་པའི་བསྐལ་པ་གཞལ།། རྣལ་འབྱོར་ལུག་གི་དཀྱིལ་འཁོར་དུ།། སྟོ
304b6 གསུམ་འཇིག་རྟེན་ཁོར་ཡུག་བཅས།། ནམ་མཁའི་དབྱིངས་སུ་འཕངས་ནས་ནི།། ས་ནས་སར་ནི་སྤང་བར་བྱ།། རྣལ་འབྱོར་སྡིགས་པའི་མཛུབ་མོ་ལ།། ཉི་མའི་དཀྱིལ་འཁོར་གསལ་བ་ལས།། ཟེར་ལས་ཉི་མ་འབུམ་འཕྲོས་པས།། ཕྱི་ནང་མུན་པ་ཐམས་ཅད་བསལ།
304b7 རྣལ་འབྱོར་ལག་གི་དཀྱིལ་འཁོར་ལས།། ཆུ་ཟླའི་དཀྱིལ་འཁོར་རབ་གསལ་བས།། བདུད་རྩི་ཆུ་བོའི་རྐུན་བྱུང་བས།། སྲེག་པའི་དམྱལ་བའི་མེ་ཆེན་བསད།། གཞན་ཡང་ལང་ཀ་འི་བདག་པོ་ཏིང་ངེ་འཛིན་གྱི་མདོ་ནི་འདི་ཁོ་ནར་འདུས་པར་གསུངས་པས།། འདི་ཁོ་ན་ལྟར




iiif viewer powered by OpenSeadragon

304a - 305a

Texts on this page

Gdg007.2 - de bzhin gshegs pa thams cad kyi thugs gsang ba'i ye shes don gyi snying po rdo rje bkod pa'i rgyun rnal 'byor grub pa'i lung kun 'dus rig pa'i mdo theg pa chen po mngon par rtogs pa chos kyi rnam grangs rnam par bkod par zhes bya ba'i mdo