e-texts navigator
Collection
Volume
Page
Wylie

303a1 སྟོན་པར་དུས།། ནལ་འགྱུར་ཙལས་ཁྱད་པར་བྱས།། འདག་ཏུས་ཁམས་པན་གམས་སུ་ཀྱང་།། བམས་ཅ་མན་ན་བྱུང་ཧཱ།། དགུབ་པ་རངས་པར་མྱོང་འགྱུར།། གཡང་བྱ་ལ་ག་སྦྱང་བ་ལས།། འཕྲུལ་རྒྱས་སེཾས་བསྒྲགས་པས།།
303a2 ཡིད་མཐོང་རྣམ་གྲངས་ཆོས་རྣམས་ཀུན།། སྔགས་སྣང་སྔགས་སུ་མ་གྱུར་མེད།། རྣལ་འབྱོར་ཆེ་ཆུང་རིམ་པ་དང་།། རྩལ་གྱི་ཁྱད་པར་དག་ལས་བྱུང་།། རིམ་གྱིས་འཇུག་དང་ཅིག་ཅར་བ།། དབུགས་ཀྱི་ཡུལ་དང་ཚོར་བ་དང་།། ཐོས་དང་མཐོང་བ་ལ་སོགས་ཏེ།། སེམས
303a3 ཀྱི་ཡུལ་དང་ནམ་མཁའི་དབྱིངས།། ཟློས་ཀྱི་དབྱིངས་ཀྱི་མཐའ་ཀླས་པར།། རང་བཞིན་ཡི་གེ་བསྒྱུར་ཡི་གེ། ཡན་ལག་པི་གོས་སོ་ཡི།། རྩ་བ་ལ་སོགས་གཞི་གཅིག་བཅས།། འཕྲོ་འདྲའི་ཚད་དང་ཕྱག་རྒྱའི་ཁྱོན།། ཆོམ་པའི་གྲངས་ཀྱང་དེ་བཞིན་ནོ།། འདི་ནི་དང
303a4 བའི་དྲུག་རིམས་ཏེ།། མཐོར་གྱིས་འདྲེས་ཤིང་གོམས་བྱེད་པའོ།། ཡི་གེ་ཡེ་ཤེས་ལས་བསྟན་ཏེ།། དོན་བྱེད་པའང་ཕྲག་རྒྱར་འབྱུང་།། རྒྱ་མཆོག་ནོན་དང་ནམ་མཁའི་སྐས།། རླུང་འཆིང་བ་དང་རྒྱན་བཟློག་པ།། སྲེག་པའི་བསྐལ་པ་གཞེས་བདང་།། ཉི་བླནན་ནས
303a5 འཇིག་རྟེན་འཕང་།། ས་ལ་འཛུལ་དང་རི་རབ་འདེགས།། སྟོང་གསུམ་ཡུངས་འབྲུར་འདུག་ཚུལ་དང་།། དཅིག་དང་སྤང་བ་ལ་སོ་མྱོས་ཏེ།། བསམ་བྱ་བསམ་གྱིས་མི་ཁྱབ་པ།། གོམས་པས་ལས་སུ་རུང་བ་ཡི།། རྣལ་འབྱོར་རྩལ་ཆེན་སྤོང་བར་ཟུང་།། བཟླས་པ་མཐར་ཕྱིན
303a6 གྲུབ་པ་དང་།། བཅིང་བ་ཡོངས་སུ་རྫོགས་པ་དང་།། བསམ་པ་ལས་སུ་རུང་བ་དང་།། དོན་མཐོང་བ་དང་ཚིག་གྲུབ་པ།། བྱ་བ་ཡོངས་སུ་དགྲ་པ་དག། དོན་གཅིག་ཡུལ་ལ་སོ་སོར་སྣང་།། དེས་ན་ཏིང་འཛིན་ཁྱད་པར་ཡང་།། དེ་ཉིད་གཅིག་ལ་སྒོམ་མོད་ཀྱི།། རྣལ་འབྱོར
303a7 རྩལ་གྱི་ཁྱད་པར་ནི།། བསམ་པའི་ཡུལ་ནི་སྣ་ཚོགས་ཏེ།། དང་པོས་ལ་གནས་པ་ཡི།། བཙལ་བ་ལས་ནི་རྣལ་འབྱོར་པ།། འདུན་པའི་སེམས་པའི་རྣལ་འབྱོར་ལ།། སོགས་པའི་རྣལ་འབྱོར་རྣམ་དྲུག་པོ།། ཤེས་རབ་རྩལ་གྱི་འཕང་དམས་པས།། ཏིང་འཛིན་རྩལ་ཡང




iiif viewer powered by OpenSeadragon

302b - 303b

Texts on this page

Gdg007.2 - de bzhin gshegs pa thams cad kyi thugs gsang ba'i ye shes don gyi snying po rdo rje bkod pa'i rgyun rnal 'byor grub pa'i lung kun 'dus rig pa'i mdo theg pa chen po mngon par rtogs pa chos kyi rnam grangs rnam par bkod par zhes bya ba'i mdo