e-texts navigator
Collection
Volume
Page
Wylie

302a1 བཏུད་དོ།། བདྱ་ན་དམ་པ་གང་དུས་པ།། རྣག་འགྲོར་མ་ཅན་མའི་སྔགས་ཡིན།། རྒྱུ་ཀླུང་མེ་གསེར་ག་ན་བར།། འདྲ་འ་ཐོ་བྱུང་བྱིངས་པ་བནན།། དམ་པར་ངེས་ན་དམ་པར་འབྱུང་།། དམ་པར་མངས་ཐམས་ཅད་བདུད།། དམ་པར་ངས་ན་ན་ང
302a2 གང་འབྱུང་དམ་པའི་སྔ་ལྟས་སོ།། གང་གི་དམ་པ་ཉིད་ཐོས་ན།། མི་སྐྲག་མི་དང་དགའ་བ་སྟེ།། གང་ཞིག་དམ་པ་ཉིད་ལྟ་བ།། ཐམས་ཅད་དམ་པ་ཉིད་དུ་མཐོང་།། དེས་པའི་སློང་དུ་གང་གྱུར་པ།། ནམ་གྲངས་མང་པོ་དམ་པར་སྤང།། དམ་པ་ངེས་པ་མཐོང་ངན།། ཚིག
302a3 རྗེས་སུ་དྲི་མི་འགྲོ།། དེ་མཐོང་ཐམས་ཅད་དམ་པར་གསལ།། སྣང་བ་མེད་པའི་དམ་པ་ནི།། སྣང་བ་མེད་པ་མཐོང་བར་འགྱུར།། དེ་ཉིད་ཀུན་གྱི་ཆུ་ཡིན་ཏེ།། ཆོ་འཕྲུལ་གྲུབ་ཐམས་ཅད་འབྱུང་།། གཡོ་དང་དྲོད་ཐོབ་བརྟན་པ་དང་།། གསལ་དང་རྟགས་ཐོབ་བརྟན་པ
302a4 དང་།། ཉི་ཟེར་རྡུལ་ཕྲན་སྨིག་རྒྱུ་དང་།། མཚོ་རླབས་རླུང་དང་ཆར་གྱི་རྒྱུན།། སྤྲིན་ལྡིང་ཏ་ལ་གང་འཕར་འགྲོ།། ས་གཡོ་འབྱུང་བའི་སྐྱེ་མཆེད་སྣང་།། འབྱུང་རྒྱུན་ཟུག་རྔུ་ལ་སོགས་པ།། གང་གིས་ཡོངས་སུ་ནད་ཞི་བ།། མུན་པའི་སྐྱེ་མཆེད་ཆོམས་པ་དང་།། ལུས་ཀྱི
302a5 བཟོད་པ་ཐོབ་པ་དང་།། ཀུན་ལ་བདེ་བླག་ཇི་བཞིན་པའོ།། གང་མིན་གོང་དུ་སྦྱར་བ་དང་།། གང་མེད་པ་ལས་གང་འབྱིན་པའོ།། ཡིད་འོང་འདོད་གྲུབ་རྫས་མཆོག་རྙེད།། ཀུན་དགའ་ཀུན་འདུད་ཀུན་ཡིད་དང་།། ཀུན་ལ་དབང་སྒྱུར་མཆོག་འགྲུབ་ལྟས།། ཡུད་ལས་སྔོན
302a6 དུ་འབྱུང་བའི་ལྟས།། སྒྲེན་མོར་བྱུང་དང་རྟག་པར་འཁྲུ།། རྣམ་དག་ཆུ་བོར་འབོགས་དང་རྒྱལ།། ཆར་རྒྱན་བུམ་ཆུ་འབྱུང་བ་དང་།། གསེག་དང་གཡེང་དང་རྣམ་པར་འཐོར།། འདི་གང་སྐྱོང་བ་དག་པའི་ལྟས།། གང་འདིར་འཇིགས་དང་བྲལ་བ་ཡང་།། གཡུལ་འགྱེད་ཞི་དང
302a7 ཟུག་རྔུ་བྱང་།། ཐ་མར་གྲོལ་དང་གཤེད་ལས་ཐར།། གདུག་པའི་ཚོགས་བྲལ་དུག་ནད་ཞེ།། བཅིང་གྲོལ་བཙད་ལྟས་བཟང་པོ་ཡིན།། ཁྱད་པར་དམ་པའི་སྔོན་བྱུང་བ།། ཁྲི་རྐང་ཤིང་དང་ལྗོན་ཤིང་སྐས།། འཇོག་དང་གྱེན་དུ་འགྲོ་བ་དང་།། རི་རྩེའི་མཆོད་རྟེན་ནམ་མཁའི




iiif viewer powered by OpenSeadragon

301b - 302b

Texts on this page

Gdg007.2 - de bzhin gshegs pa thams cad kyi thugs gsang ba'i ye shes don gyi snying po rdo rje bkod pa'i rgyun rnal 'byor grub pa'i lung kun 'dus rig pa'i mdo theg pa chen po mngon par rtogs pa chos kyi rnam grangs rnam par bkod par zhes bya ba'i mdo