e-texts navigator
Collection
Volume
Page
Wylie

301b1 ནི།། ཅིག་ཅར་འཆར་བའི་དེ་ཁོ་ནའོ།། དེས་ན་གང་དང་གང་དག་གིས།། ཇི་ལྟར་གོ་དང་མོས་བཞིན་དུ།། བསྟན་པ་གང་དང་གང་དག་ལྔ།། ས་སོ་ཡིད་བརྙན་ཡུལ་དུ་བྱ།། དེ་བས་སྒྲོན་མ་དཔག་མེད་ཀྱིས།། དམ་པ་ཇི་སྙེད་གསུངས་པ་རྣམས།། གཅིག་ཏུ་ཆད་དམ་ངེས་མེད་དེ།།
301b2 ཇི་ལྟར་འབྱུང་བ་དེ་ལྟར་ངེས།། འདི་ལ་གང་འཇུག་པར་གཅོད་པ།། ལེ་ལོ་བྱ་མང་རྒོད་པ་དང་།། གཡེང་དང་ཐུགས་དང་འདོད་པ་དང་།། གཉིད་དང་རོ་ངོགས་ཐེ་ཙོམ་དང་།། འདྲ་འགྲོ་སློ་དེང་དགའ་བའོ།། དེ་ཡང་རང་བཞིན་དེ་བཞིན་ཉིད།། དུག་ལྔ་ལ་སོགས་ཀུན་འབྱུང་ཉིད།། རང
301b3 འབྱུང་རང་ནི་དེ་བཞིན་ཉིད།། དམ་པའི་དོན་ལ་གང་སྒྲིབ་པ།། མི་གཡོགསལ་བདེ་སྡུག་བསྡུབ་དང་།། སྐྱེ་བ་གསལ་བ་འབྱིན་པ་དང་།། དེས་དང་ཁྱད་སྙེམས་འབྱུང་ནི་ཉིད།། བསམ་གཏན་ཆེན་པོར་དེས་སྣང་བ།། ཀུན་དུ་མི་ཉམས་རེ་དོགས་མེད།། དང་བ་མོ་ཧཱུཾ་མི་གཡོ་དང་།། མ
301b4 ཆགས་མི་འཆད་ལེན་པ་མེད།། འཁྲུག་པ་མེད་ན་རང་བཞིན་ཉིད།། རྣལ་འབྱོར་བདུད་ཀྱི་སྤྱོད་ཡུལ་ནི།། དམ་པར་འདུན་མཐོང་དམ་པར་སྨྲ།། སྤྲུལ་པ་གྲངས་མེད་འགྱེད་མཐོང་དང་།། དམ་པས་སྤྲས་ཀུན་གསལ་མཐོང་དང་།། དུས་ཀུན་ཤེས་གསལ་མཐོང་བ་དང་།། རྒྱུད
301b5 དག་ལས་ནས་ཀུན་སྣང་དང་།། དེ་ལ་གདུང་བའི་ཤུགས་འབྱུང་དང་།། ཕུན་སྣང་གསལ་བར་མཐོང་བ་དང་།། ཅི་ལའང་ཕྱོགས་མེད་འགྲོ་བ་དང་།། མཁའ་ལ་བྱ་བཞིན་འགྲོ་འདུག་དང་།། དམ་པོའི་ཕྱག་རྒྱ་ལུང་སྟོན་དང་།། ཀུན་གྱི་སྐད་དུ་ཆོས་སྒྲ་དང་།། དངོས་པོ་བསྙེན
301b6 གཔོ་བ་སྟི་ག་ནས་མཐོང་།། ཐམས་ཅད་མཉམ་པར་བཀོད་པ་དང་།། དེ་ཉིད་རིང་བཞིན་གསལ་སྣང་དང་།། ལས་སུ་དྲང་བ་ཐོགས་མེད་དང་།། དས་པའི་དོ་ལ་བསྒོ་བ་དང་།། འཇིག་རྗེན་གཙོ་བོས་མཆོད་བ་དག། རང་བཞིན་ཤེས་ན་དམ་པའི་རྟགས།། གང་མི་ཤེས་པ་མ
301b7 དྲུག་མཙུརྣམས་སྐྱེས་དང་།། རང་འགྱུ་དུ་བུ་གྲིཞུག། མི་སྐྱེས་བསྲིན་ག་ཏུ་མེང།། དེ་ཡང་དེ་བཞིན་ཅིང་ངོ་།། ས་དང་མེ་ངས་བྱེ།། ཀྱིས་དང་ལེགས་པ་ག་ས་། མྱོང་ས་།




iiif viewer powered by OpenSeadragon

301a - 302a

Texts on this page

Gdg007.2 - de bzhin gshegs pa thams cad kyi thugs gsang ba'i ye shes don gyi snying po rdo rje bkod pa'i rgyun rnal 'byor grub pa'i lung kun 'dus rig pa'i mdo theg pa chen po mngon par rtogs pa chos kyi rnam grangs rnam par bkod par zhes bya ba'i mdo