e-texts navigator
Collection
Volume
Page
Wylie

300b1 དམ་པ་ཉིད་པ་ལྟ་བ་ཡི།། གོ་འཕང་གཅོད་པ་ངེས་པར་གཅེས།། གྲོགས་པོ་དག་དེ་དག་ནི་ས་ཡོངས་སུ་གཅོད་པར་བགྲོས་པར་ཤེས་པར་བྱའོ།། དེ་སྐད་ཅེས་སྨྲས་པས། དམན་པ་རྣམས་རེ་དོགས་མེད་པར་ཐག་གཅོད་པའི་གོ་འཕང་ཐོབ་པར་གྱུར་ཏོ།། སངས
300b2 ངས་པ་འདུས་པའི་མདོ་ཆེན་པོ་ལས་ཐེ་ཚོམ་ཡོངས་སུ་གཅོད་པའི་ལེའུ་ཞེས་བྱ་སྟེ་བདུན་ཅུ་གཉིས་པའོ།། །། དེ་ནས་ཡང་གསང་བ་པའི་བདག་པོས་དམིན་པ་རྣམས་ལ་སྨྲས་པ། ཀྱེ་གྲོགས་པོ་དག་གང་ཉམ་རྙེད་པར་བྱ་བ་ནི་འདི་ལྟ་སྟེ། དགོངས་པ་དམ་པ
300b3 འཇུག་པའི་གཙང་ནི་བསམ་གཏན་ཏེ།། འཁོར་ལོས་དབང་སྐུར་ཇི་བཞིན་དུ།། ཆོས་ཀུན་དབང་སྒྱུར་བསམ་གཏན་ཡིན།། རྣལ་འབྱོར་བསམ་གཏན་ཆེན་པོ་འདི།། དུག་དང་མུན་པ་གསེར་འགྱུར་བཞིན།། ཐམས་ཅད་དབང་སྒྱུར་བསམ་གཏན་ཡིན།། དེས་ན
300b4 གརྟེན་བྱ།། གལ་ཏེ་བསམ་གཏན་འདི་མེད་ན།། རྒྱ་མཚོ་དི་དགེ་ཕ་བོང་ལྟར།། དཔག་ཏུ་མེད་པའི་སྒོ་བཅད་ཀྱང་།། དོན་མེད་སྙིང་པོ་སྐམས་པ་ཡིན།། རྣལ་འབྱོར་ཆེན་པོའི་བསམ་གཏན་ནི།། ཇི་བཞིན་པ་ཡི་དེ་ཉིད་ལ།། མ་བཅོས་པ་ཡི་བློ་བཞག་སྟེ། མ
300b5 མེང་བའོ།། རྣལ་འབྱོར་དམ་པ་ཇི་བཞིན་པ།། སེམས་ཀྱི་ཆོས་ཉིད་དེ་ཉིད་དོ།། དེ་བཞིན་ཉིད་ཅེས་མི་དམིགས་པ།། རྩ་བའི་ཀུན་ཤེས་ཀུན་གཞི་ཉིད།། ཅི་ཕྱེར་མ་བྱས་མ་བཅོས་པ།། རང་འབྱུང་དེ་བཞིན་ཉིད་ཅེས་བཤད།། ཐམས་ཅད་ཀུན་དུ་སྣང་བ་ནི།། དུས
300b6 བཅོམ་ཉིད།། ཙེ་ཕྱིར་ཀུན་དུ་སྣང་འཇུག་པས།། ཕྱི་ནང་ཀུན་དུ་སྣང་བར་བཤད།། རྒྱ་ཡི་རྣམ་པར་བཀོད་པ་ནི།། འདུག་པ་རྣམ་ཤེས་སྒོ་ལྔ་ཉིད།། ཐམས་ཅད་གང་གཱི་དྷ་བཀོད་པས།། ཐམས་ཅད་འབྱུང་བའི་ནྱ་ཞེས་བཤད།། གང་གི་དགོངས་པ
300b7 མ་ཡོན་ཟེར་ཟུག་མེད།། དབུ་མར་མེ་དམིགས་ཀུན་རིག་གསིལ།། ཡོད་མིན་མོད་མིན་པས་ཀྱང་འདས།། གང་འདིར་ཚོར་འགྲོ་མ་རབས་དང་།། གང་འགོག་བྱིས་པའི་སྤྱོད་ཡུལ་དང་།། འདི་གང་ཉམས་པའི་ལོག་སྲིད་ཅན།། ཡལ་བ་ཕྲལ་པ་དམིགས




iiif viewer powered by OpenSeadragon

300a - 301a

Texts on this page

Gdg007.2 - de bzhin gshegs pa thams cad kyi thugs gsang ba'i ye shes don gyi snying po rdo rje bkod pa'i rgyun rnal 'byor grub pa'i lung kun 'dus rig pa'i mdo theg pa chen po mngon par rtogs pa chos kyi rnam grangs rnam par bkod par zhes bya ba'i mdo