| | e-texts navigator
|
2a1 སུ་ཡོངས་སུ་མ་ཆད་པ། ཆོས་ཉིད་ཀྱི་ནམ་མཁའ་ལས་རྒྱོ་འཕྲུལ་གྱི་སྤྲིན་ཀུན་དུ་འགྲིབས་པ་བྱང་ཆུབ་ཀྱི་ཆར་མངོན་པར་འབབ་པ། ཉོན་མོངས་པའི་གདུང་བ་འངས་པར་གྱུར་པ། ཡེ་ཤེས་ཀྱི་མུ་གུ་མངོན་པར་བསྐྱེད་པ།
2a2 མཐའ་དང་དབུས་མེད་པ། རྩེ་མོ་ཀུན་དུ་རྒྱ་མཉམ་པ། རིན་པོ་ཆེའི་རྒྱལ་པོས་རྣམ་པར་བརྒྱན་པ། མུ་ཏིག་གི་ལྕང་ལོ་དང་། ཆུན་འཕྱང་དང་། ལྔ་ལྡིས་མཛེས་པ། ཉི་མ་ཆེན་པོས་གསལ་བཏབ་པ། ཟླ་བ་ཆེན་པོས་ཕྲ་བཀོད་པ། སྐར
2a3 མ་དང་ཤིན་ཏུ་སྐར་མ་དག་གིས་གཟེར་སྦས་པ། རྡོ་རྗེ་རིན་པོ་ཆེའི་འོད་སྣང་བས་ཀུན་དུ་མདངས་ཕྱུང་བའི་མཁའ་ལ། རླུང་ནག་གི་ཕུང་པོ་རྒྱ་ཡོངས་སུ་མ་ཆད་པར་མཉམ་པ། ཁྲག་གི་ཕུང་པོ་དཔའ་ཀློང་དུ་འཁྲུག་པ། རྒྱ་ཕྱོགས་སུ་ཡོངས་སུ་མ
2a4 ཆད་པ། མ་ཏང་གི་གནས་དང་། བིས་མ་འབུར་འཕང་བར་ཆགས་པ། རུས་མ་ཕུང་པོ་རྒྱ་ཀུན་དུ་མཉམ་པའི་གཞི་ལ་འབར་བའི་གཞལ་ཡས་ཁང་འོད་ཟེར་ཀུན་དུ་འཕྲོ་བ། ག་བུ་ཅུང་བརྩེགས་པའི་རྩིག་པ་ལ། གནམ་ལུགས་ཀྱི་གཟེར་ཏ་ལེ་བང
2a5 བཏབ་པ། རྩིབས་ཀུན་དུ་ཉི་མ་དང་ཟླ་བ་རངས་པ་དང་མ་རངས་པར་འགྲོ་བ། ཉ་ཆེན་པོ་ཀཾ་གཛུང་ལྀ་ཉ་ཕྲན་དྲ་ལ་ཛྲ་བ་གཏམས་པ། ཟླ་བའི་ཀ་རྟེན་དང་། ཉི་མའི་ཀ་མོ་དང་། སྦལ་དྷན་གྱི་ཀརྨ་ནུ་ལ་སོགས་པ། ཧཱུཾ་གཽ་ཐོག་དང་། མེའི་ཆར
2a6 མངོན་པར་འབབ་པ། ཆོས་ཉིད་ཀྱི་ཕྲ་རོས་རྣམ་པར་བརྒྱན་པ། ཡེ་ཤེས་ཀྱི་ལྔ་ལྔས་མངོན་པར་བྲེས་པ། རྡོ་རྗེའི་རྒྱན་དང་འཕན་གྱིས་བཀླུབས་པ། སྦྲུལ་ནག་གི་ཟར་རྫོགས་དང་། སྤྲིན་ནག་གི་གྲིབ་སོ་ལྟ་བུས་གཞོལ་བའི་ཐར་པར་ཐམས་ཅད
iiif viewer powered by OpenSeadragon
1b - 2b