e-texts navigator
Collection
Volume
Page
Wylie

299b1 མརྒྱག་ཏུ།། མང་གོས་མེད་དུ་མ་རུང་།། དེ་ཝཱར་རོ་དག་གསར་འགྱུར་དང་།། དེ་བཞིན་མེ་ཡིས་བསྲེགས་སྤངས་བཞིན།། དངོམ་པར་སྤྱོད་པ་ཇི་སྙེད་པ།། དེ་ཉིད་དམ་པ་ལ་མིགསོ།། དེ་ལ་སོགས་པ་མཐའ་ཡས་སྤྱང་།། དངས་པོ་བག་ལ་གནས་སྤྱོད་པ།། རྡོརྗེ་སེམྦྷས།
299b2 དཔའི་ཆོས་ཉིད་དེ།། སྤྱོད་པཟང་འབྱུང་ངམ་པ་ཡི།། ཇི་ལྟར་གླང་པོ་ཆུར་ཞུགས་པ།། ཐོགས་ཆགས་འཇིགས་པ་ཡོད་མེད་པར།། དགའ་བའི་ལོངས་སྤྱོད་སྲོང་ཚུལ་གྱིས།། མཱ་ལྡོག་ཕ་རོལ་ཕྱིན་པ་ལྟར།། རྣལ་འབྱོར་ངེས་པར་སྤྱོད་པ་ཡང་།། བརྟུལོ་ཞུགས་རྒྱ་མཚོ
299b3 ཆུར་འཇུག་པ།། རྩལ་ཆེན་སྐྱོང་བའི་གྲོད་ཚུལ་གྱིས།། ཐོགས་ཆགས་མེད་པར་ལ་དོར་བའོ།། སྤྱོད་པ་གང་བར་བྱ་བའི་ཐབས།། གོམས་པ་ཀློང་དུ་གྱུར་པ་གཅེས།། གྲོགས་པོ་དག་དེ་དག་ནི་ལ་དོར་བར་ཤེས་པར་བྱའོ།། སངས་རྒྱས་ཀུན་གྱི་དགོངས་པ་འདུས་པའི་ཆོན
299b4 ཆེན་པོ་ལ་སུརྣལ་འབྱོར་སྤྱོད་འཇུག་གི་ལེའུ་ཞེས་བྱ་སྟེ་བདུན་ཅུ་གཅིག་པའོ།། །། དེ་ནས་ཡང་གསུང་བྱ་བའི་བདག་པོས་དམན་པ་རྣམས་ལ་སྨྲས་པ། ཀྱེ་གྲོགས་པོ་དག་གང་གིས་གཅད་པར་བྱ་བ་ནི་འདི་ལྟ་སྟེ། དགོངས་པ་དམ་པ་དེ་ཁོ་ན་ཉིད་དོ།། དེ་དྷིའི་ཕྱི
299b5 ཞེན།། དགོངས་པ་དེ་ཁོ་ན་ཉིད་གཅིག་བསྒྲུབས་པས་བསམ་གྱིས་མེ་ཁྱབ་པའི་ཆོས་ལ་བསླབས་པའོ།། དེ་ཁོ་ན་ཉིད་གཅིག་ལ་མཁས་ན་བསམ་གྱིས་མི་ཁྱབ་པ་ལ་མཁས་པའོ།། དེ་ཁོ་ན་ཉིད་དེ་ལྟ་གོམས་ན་བསམ་གྱིས་མེ་ཁྱབ་པ་ལ་སྒོམ་པའོ།། དེ་ཁོ་ན
299b6 ཉིད་དེ་ལས་མ་འདས་ན་བྱསམ་གྱིས་མི་ཁྱབ་པའི་དམ་པ་བསྙུངས་པའོ།། དེ་ཁོ་ན་ཉིད་དེ་ལ་ཞུགས་ན་བསམ་གྱིས་མི་ཁྱབ་པའི་སྒོར་ཞུགས་པའོ།། དེ་ཁོ་ན་ཉིད་དེ་ལ་སྤྱོད་ན་བསྡམ་གྱིས་མི་ཁྱབ་པའི་ཡོ་བྱད་ལ་སྤྱོད་པའོ།། དེ་ཁོ་ན་ཉིད་མངོན་དུ་བྱས་ན་བས
299b7 གྱིས་མི་ཁྱབ་པའི་རྒྱ་མཚོ་སྙེད་བྱས་པའི།། དེ་ཁོ་ན་ཉིད་དེ་མ་ནོར་བར་བསྟན་ན་ཆོས་ཀྱི་སྒོ་དཔག་ཏུ་མེད་པ་བསྟན་པའོ།། དེ་ཁོ་ན་ཉིད་དེ་ཕྱིན་ཅི་མ་ལོག་པར་ཐོས་ན་བསམ་གྱིས་མི་ཁྱབ་པའི་ཆོས་ཀྱི་སྒོ་ཐོས་པའོ།། དེ་ཁོ་ན་ཉིད་དེ་མངོན་དུ་གྱུར་ན། དཔག་ཏུ་མེད




iiif viewer powered by OpenSeadragon

299a - 300a

Texts on this page

Gdg007.2 - de bzhin gshegs pa thams cad kyi thugs gsang ba'i ye shes don gyi snying po rdo rje bkod pa'i rgyun rnal 'byor grub pa'i lung kun 'dus rig pa'i mdo theg pa chen po mngon par rtogs pa chos kyi rnam grangs rnam par bkod par zhes bya ba'i mdo