| | e-texts navigator
|
299a1 ཅད་ལ།། བྱང་ཆུབ་སྙིང་པོ་ཉིད་ཡོད་པས།། མེ་ཡི་ལས་ཀྱི་བྱ་བ་ཡིས།། ལྔ་ཕུང་སྦྱངས་ན་མེད་མཱཾ་སིད།། འདི་དགུ་བསྒྲུབ་པར་བྱ་བ་ཡང་།། ཤེལ་གྱི་ཟ་མ་ཏོག་ནང་དུ།། བསྡུས་ཏེ་ཕྱག་རྒྱའི་རྒྱས་བཏབ་ནས།། ཤེལ་གྱི་གདུའི་ནང་དུ་བཅའ།། བསླང་།
299a2 པས་དེ་ལ་སྨོན་ལམ་དང་།། སྒྲིབ་སྦྱང་གསོལ་འཕྲོད་འདུ་བྱ།། འཕྲོ་འདུ་བྱ་བའི་ཆོ་ག་ཡང་།། ནམ་མཁའ་གང་བའི་ཤ་རི་རམ།། ཞིང་ཁམས་གང་བའི་རྒྱལ་བ་ལས།། ཚར་གྱི་རྒྱུན་བཞིན་དྲི་ལ་འབབ།། རྩེ་གཅིག་བཟླས་པ་གསུང་གི་རྒྱན།། མ་ཧཱ་ཤ་རི་རམ
299a3 ཧཱུཾ།། གྲངས་མེད་པར་ཆད་མེད་པར་བཟླས།། མཆོག་ཏུ་གསལ་ཞིང་འཚོར་བ་དང་།། འོད་ཀྱི་ཟེར་བྱིང་ནི་ཟེར་བཞིན།། ཟང་ཟིང་བྱུང་བྲེད་སྣང་བར་འགྱུར།། ནུ་མ་ཏོག་གི་ཕྱི་རོལ་ན།། གསལ་བ་དེ་ལ་འབྱུང་བར་འགྱུར།། འཕྲུལ་ཞིང་མེང་པོར་འཕེལ་བ་དང་།། རྒྱལ་བ
299a4 སེམས་དཔའ་རིག་འཛིན་གྱིས།། གཟུགས་བརྙན་ཤེལ་དང་དེ་ལས་ནི།། གསལ་བར་བདག་པ་སྟོན་པར་འགྱུར།། དང་པོ་སྣོད་དེ་ཁེངས་པ་ཡིན།། གཉིས་པ་ཕྱེད་དམ་བརྒྱ་རྩ་བརྒྱད།། ཐ་མའང་གྲངས་འགས་འཕེལ་བར་འགྱུར།། དེ་དག་གྲུབ་པ་རྟགས་ཆེན་ཏེ།། དེ་ཚེ
299a5 དངོས་གྲུབ་བླང་བར་བྱ།། ཐོབ་པའི་ཡོན་ཏན་བསམ་མི་ཁྱབ།། ཚེ་འདིར་རིག་བཛིན་ས་ལ་གནས།། རྒྱལ་བ་དག་དང་མཉམ་པར་འགྱུར།། ཞར་ལས་བྱུང་བའི་ཡོན་ཏན་ཡང་།། འགྲོ་བ་ཀུན་གྱི་དོན་སྤྱོང་པ།། སེམས་དཔའ་ཆེ་ལྟར་འགྲུབ་པར་འགྱུར།། ཐུན་དུ་དེ་ལ་མཆོད
299a6 དགོས་ཏེ།། མཆོད་ན་ཡོན་ཏན་དམ་པ་འབྱུང་།། མཆོད་པ་བྱ་བའི་ཆོ་ག་ཡང་།། སྒྲིབ་སྤངས་བསོད་ནམས་དཔུང་བསྐྱེད་དེ།། རང་རྒྱུད་དག་པར་བྱས་ནས་ནི།། ཟླ་བ་དུས་ནི་ཐམས་ཅད་ཀྱེ།། བཅུ་དྲུག་ཆ་ལོ་རྫོགས་པའི་ཚེ།། བདག་ཉིད་གཅིག་པུ་སེམས་ཡུལ་དུ།། བུར་བ
299a7 བྱས་ནས་མཆོད་པ་ནི།། ཟ་མ་ཏོག་དང་བཙས་བདག། རྒྱལ་མཚན་རྩེ་མོར་བཏགས་བྱས་ཏེ།། ཇི་ལྟར་འདོད་པར་སྔོན་ལམ་བཏང་།། དེས་ནི་འདོད་པ་ཐམས་ཅད་སྤོངས།། དེ་ནི་རྣལ་འབྱོར་སྐལ་ལྡན་གྱིས།། ཡིད་བཞིན་ནོར་བུ་རིན་པོ་ཆེ།། རྣལ་འབྱོར་སྒྲུབ་པའི་རྫས
iiif viewer powered by OpenSeadragon
298b - 299b