e-texts navigator
Collection
Volume
Page
Wylie

13a1 དུ།། འདི་ལས་གླགས་ཏེ་ཅི་ཞིག་ཚོལ།། རྒྱལ་བས་བཙལ་ཀྱང་ཡོང་མི་རྙེད།། འདི་ལས་གཞན་དུ་གང་ཚོལ་བ།། བཙལ་བ་ཉིད་དུ་ཆི་ཆད་འགྱུར།། གཞན་ནམ་དམུན་པའི་སྒོ་རྣམས་ནི།། ཏིང་འཛིན་མེད་པའི་ཆོས་ཉིད་ལ།། འཛིན
13a2 བའི་ཏིང་འཛིན་བཅུག་པས་ནོར།། དེ་དག་ལ་ནི་གང་སྤྱོད་རྣམས།། ཟེན་ཚེར་མིག་ནི་ནམ་མཁའ་ལ།། ཕྲ་རབ་ཐེན་ཐག་འཛུད་པ་ལྟར།། བྱིས་པ་ལས་གང་བྱེད་པ་དེ།། ཤེད་ཅན་དག་གིས་བྱར་མི་རུང་།། ཤེད་ཅན་སྤྱོད་པའི་ནམ་མཁའ་དེ།། ཐེན་ཚེར་ནམ་མཁར
13a3 ཤོང་མི་འགྱུར།། དེ་བས་གཞན་ལ་བསྟན་པ་མིན།། བསྟན་ན་བྱིས་པ་ག་ཎ་དའགྱུར།། ཆོས་ཉིད་ནམ་མཁའ་ལྟ་བུའི་དངོས།། གསལ་བར་འོང་སྟོང་ཉིམས་འགྲུབ། བྱིན་པརླབས་འོད་ཀྱི་ཟེར་ཕྲེང་ཙམ།། སྒྲ་མ་ལྟར་སྣང་མཚན་མང་པོབ།། མི་གཡོ་མཚན
13a4 མེད་རང་བཞིན་དངོས།། སྐྱེ་མེད་སེམས་ཀྱིས་མ་མཐོང་བ།། བྱིས་པ་འདྲིད་པའི་རྩེད་མོར་སྡང་།། དངོས་གྲུབ་ཆེན་པོའི་སེམས་ཉིད་དེ།། ཡིད་བཞིན་འབྱུང་བ་རིན་པོ་ཆེ།། ཇི་ལྟར་དམིགས་ཤིང་བསྒྱུར་བར་འགྱུར།། གྲུབ་པའི་དོན་ཆེན་ཐམས་ཅད་རྫོགས།།
13a5 སེམས་ཀྱིས་སེམས་ཀྱི་ཚུལ་མཐོང་ན།། དངོས་གྲུབ་ཅེས་དེ་དག་ལས་འོང་།། གང་གིས་སྩོལ་ཏེ་ལུ་ཡིས་བླང་།། སྦལ་དང་སྩོལ་བར་བྱེད་མི་དམིགས།། དཔེར་ན་ཆུ་དང་མེ་ལོང་དང་།། མཁའ་དང་རལ་གྲི་ཤེལ་ལ་སོགས།། གསལ་བར་བྱེད་པའི་རང་བཞིན་ལ།།
13a6 རྟོག་མེད་ལ་སོགས་བལྟས་གསལ་བ།། ཆུ་ལ་སོགས་པའི་རང་བཞིན་ཡིན།། དེ་ལ་ངོ་མཚར་ཆེ་མི་འབྱུང་།། སེམས་ཀྱི་ཆུ་གས་ལ་ནམ་མཁའ་ལ།། ཉོན་མོངས་སྦྱིན་གྱིས་རྙོག་མེད་ན།། དངོས་གྲུབ་ཉི་ཟླ་སྐར་ཚོགས་བཀྲམ།། སྒྲིབ་མེད་བྷིན་བརླབས་དང་གིས་འཆར།།
13a7 ཀུན་གཞི་ནམ་མཁའི་སྙིང་པོ་དེ།། ཉོན་མོངས་སྤྲིན་གྱིས་གཏིང་སྤངས་པ།། ཤེས་རབ་རླུང་གིས་མ་གཏོར་བར།། གཞམཁན་གྱི་སྤྱོད་དྲི་ཡིས།། སྒྲིབ་པས་ལ་ཆོས་ཉིད་གསལ་འདོད་པ།། ཇི་ལྟར་མུས་གཤེར་བྱིས་པ་དག། ཉི་མ་སྤྲིན་ལྡན་གྲིབ་མ་ཡིས།




iiif viewer powered by OpenSeadragon

12b - 13b

Texts on this page

Gdg007.1 - de bzhin gshegs pa thams cad kyi thugs gsang ba'i ye shes don gyi snying po khro bo rdo rje'i rigs kun 'dus rig pa'i mdo rnal 'byor grub pa'i rgyud ces bya ba theg pa chen po'i mdo