| | e-texts navigator
|
131b1 ཐམས་ཅད་མཁྱེན་པའི་སྤྱན་གྱིས་ཀྱང་དུ་གཉིས་ཀྱི་རང་བཞིན་ས་སར་མ་གཟིགས་མ་གཟིགས་གཟིགས་པར་མི་འགྱུར་རོ།། གང་རྒྱལ་ཚབ་སྒྲས་ཐན་མ་ཁྱིམ་ཡང་རྟོག་པའི་ཤེས་རབ་ཀྱིས་ཀྱང་ས་སོར་མ་བྱེད་མི་ཕྱེད་ཀྱང་བྱར་མི་འགྱུར་།
131b2 ལང་ཀའི་བདག་པོ་གང་གསང་སྔགས་ཀྱི་ངེས་པ་རྙེད་པར་འདོད་པ་རྣམས་ཀྱིས་སེམས་ཀྱི་དེ་ཁོ་ན་ཉིད་དོ་ཤེས་པར་བྱའོ།། དེ་ཅིའི་ཕྱིར་ཞེ་ན། བྱ་བའི་རྣལ་འབྱོར་པ་ལྟར་སེམས་ཐ་དད་པར་སྣང་བ་རྣམས་བྱ་བ་མེད་པའི་རྣལ་འབྱོར་པ་ལྟར་སེམས་དེ་ཁོ་ན
131b3 ཉིད་གཅིག་ཏུ་སྣང་ལ་དེ་ཁོ་ན་ཉིད་གཅིག་ནི་དེ་ཁོ་ན་ཉིད་གསང་བ་དམ་པ་ཕྱིན་པའི་ཕྱིར་ལངས་རྒྱས་ཐམས་ཅད་ཀྱི་ཐུགས་རྡོ་རྗེ་སེམས་དཔས་ཀྱང་སེམས་ཀྱི་དེ་ཁོ་ན་ཉིད་ཐུགས་སུ་ཆུད་པས་གསང་སྔགས་ཀྱི་ངེས་པ་བརྙེས་སོ།། དྲི་ཇི་ལྟ་ཞེ་ན་སེམས
131b4 ཀྱི་དེ་ཁོ་ན་ཉིད་ནི་རྣམ་པར་དག་པའི་སྒོ་ཡིན་ནོ།། ཆོས་སྣང་བའི་སྒོ་ཡིན་ནོ།། ཆོས་ཀྱི་དབྱིངས་ཡིན་ནོ།། ཆོས་ཀྱི་གླེགས་བམ་ཆེན་པོ་ཡིན་ནོ།། ཆོས་ཀྱི་རྒྱུན་གྱི་ཏིང་ངེ་འཛིན་ཆེན་པོ་ཡིན་ནོ།། ཀྱེ་ལང་ཀའི་བདག་པོ་དེ་ཡང་འདི་ལྟ་སྟེ། གང་གིས
131b5 སེམས་ཀྱི་དེ་ཁོ་ན།། གསངུ་བའི་སྙིང་པོ་དེས་རྙེད་ན།། འདྲེན་པའི་རྟགླ་གིས་མ་འཟོལ་ཡང་།། སེམས་ལ་ཆོས་འབྱུང་དབུམ་ཕྲག་ཡས།། སྨྲ་བའི་སྒོ་མོར་ཐམས་ཅད་གསལ།། དོན་ལ་ངེས་པའི་གཏན་ཆགས་ནི།། ཚིག་ཏུ་མཚན་ཏེ་འཛིན
131b6 པར་ནུས།། ཆོས་རྐྱེན་ཏིང་འཛིན་ཐོབ་པ་ཡིན། ལང་ཀའི་བདག་པོ་དེ་ལྟར་ན་སེམས་ཀྱི་དེ་ཁོན་ཉིད་ནི་བྱང་ཆུབ་ཆེན་པོ་ཡིན་ལ། བྱང་ཆུབ་ཆེན་པོ་ནི་རྡོ་རྗེ་སེམས་དཔའི་སྟེ། དེ་ཡང་སངས་རྒྱས་ཀུན་གྱི་བདུད་རྩིར་གྱུར་པ་འདི་ལྟ་སྟེ། བྱང་ཆུབ
131b7 སེམས་ཀྱི་ཆུ་མེད་ནི།། རྒྱལ་བ་རྣམས་ཀྱང་སྐམས་པར་འགྱུར།། བྱང་ཆུབ་སེམས་ཀྱི་ཆུ་བོ་འདིས།། སྣརོན་ཞེན་མཐའ་དང་རྗེས་སྐམས་རླུད།། སེམས་ཀྱི་རང་བཞིན་སྦྱང་ཉིད་པས།། དེ་ལས་བྱུང་བ་ཐམས་ཅད་སྐྱོང་།། རྡོ་སྟོང་པས་ན་བྱང་ཆུབ་ཀྱང་།།
iiif viewer powered by OpenSeadragon
131a - 132a