| | e-texts navigator
|
12a1 བཅུག་པས་ནོར།། བྱ་བ་མེད་པའི་ཆོས་ཉིད་ལ།། ཉོན་མོངས་བྱ་མེད་སྨད་པས་འཁྲུལ།། རང་བྱུང་ལྡན་གྲུབ་གནས་བཞིན་དུ།། བྱིས་པའི་སྤྱོད་པས་ཅི་བཙལ་དགོས།། གང་ཞིག་འདོད་དེ་ཅི་ཞིག་སྒྲུབ།། ཅི་སྤྲད་ཅི་བསྒྲུབས་ཅི་བརྡལ
12a2 ཡང་།། སྡུག་བསྔལ་ཉིད་དེ་བྱང་ཆུབ་མེད།། དམྱལ་བ་སངས་རྒྱས་ཆེན་པོ་ལ།། སྡུག་བསྔལ་བྱང་ཆུབ་ལ་མ་ཉིད་དེ།། ཉན་ཐོས་རང་རྒྱལས་གཉིས་དང་།། ཐེག་པའི་ཁྱད་པར་ཆེ་བསྟེན་པ།། བྱེད་རྩོལ་བཅས་པ་ཐམས་ཅད་འཁྲུལ།། བླ་མཽད་བྱང་ཆུབ་གེགས
12a3 གང་ཞིག་བཙལ་མེད་བདེ་ཆེན་དོན།། སེམས་ཀྱི་གྲོང་འདིས་མྱ་མཐོང་སྟེ།། སྒྲུབ་དང་རྩོལ་བ་ཅི་སྤད་ཀྱང་།། བྲིས་པ་དོན་མེད་སྡེན་འཁྱམ།། བཙལ་དུ་མེད་པའི་རང་བཞིན་ལ།། རྩོལ་བའི་སྤྱོད་པས་ཅི་ཞིག་བྱ།། འཛིན་པ་མེད་པའི་ཆོས་ཉིད་ལ།། ཚིག
12a4 འཛིན་ནོར་བའི་ཅོལ་བྱར་མེད།། བགྲོད་དུ་མེད་པའི་ཆོས་ཉིད་ལ།། བགྲོད་པའི་དཀྱིལ་འཁོར་མིང་དང་བྲལ།། བསམ་དུ་མེད་པའི་ཆོས་ཉིད་ལ།། རྟོག་སེམས་བསམ་པའི་དམིགས་དང་བྲལ།། བཙལ་མེད་པ་ཡི་ཆོས་ཉིད་ལ།། བཙལ་མེད་ཡེ་ནས་ལྷུན་གྱིས
12a5 གྲུབ།། མཐའ་དབུས་མེད་པས་བདལ་བ་ཆེ།། ཕྱི་ནང་མེད་པས་ཡེ་གསལ་ཁྱབ།། སྐྱོན་ཡོན་མེད་པར་ལྷུན་གྱིས་རྫོགས།། བསྒྲུབ་དུ་མེད་པས་བཙལ་སེམས་བྲལ།། གཟུང་དུ་མེད་པས་དམིགས་དང་བྲལ།། ཐམས་ཅད་མཁྱེན་པས་བྱིན་བརླབས་ཆེ།། གདོད
12a6 ནས་བྱང་ཆུབ་སྙིང་པོར་གནས།། སྤྱོད་པའི་ཁྱད་པར་འདི་ལྟ་བུ།། དེས་ན་གཅིག་ལས་མེད་བཞིན་དུ།། སྤྱོད་མཐུན་རྩོལ་བའི་རང་བཞིན་ལ།། རྣམ་རྟོག་སྤྱོད་པ་སོ་སོར་སྡང་།། འཁྲུལ་པ་ཐམས་ཅད་འཁོར་བར་སྤྱོད།། རྒྱུ་འབྲས་མི་སླུ་བདེན་དོན་སྤྱོད།།
12a7 མི་དམིགས་པ་ལ་ནམ་མཁར་སྤྱོད།། དེ་ལྟར་སྤྱོད་པ་ཀུན་སྤྱོད་ཀྱང་།། དམ་པའི་དོན་དེ་སྤྱོད་མཆོག་ཉིད།། དམ་པར་གྱུར་པ་ཐམས་ཅད་ལ།། དམ་པའི་སྤྱོད་པ་དེ་ལས་མེད།། སྐྱེས་བུ་མཆོག་གིས་དེ་སྐད་བཤད།། ཐེ་ཚོམ་མེད་པར་ཤེས་པར་གྱིས།། མ་བཅོས
iiif viewer powered by OpenSeadragon
11b - 12b