e-texts navigator
Collection
Volume
Page
Wylie

128a1 མེད་པར་དབུགས་ཕྱིན་པར་གྱུར་ཏོ།། སངས་རྒྱས་ཀུན་གྱི་དགོངས་པ་འདུས་པའི་མདོ་ཆེན་པོ་ལས་གསང་སྔགས་རང་གི་ངོ་བོ་བསྟན་པའི་ལེའུ་སྟེ་བརྒྱད་པའོ།། །། ཐེག་པ་ཆེན་བངྱས་པར་འབྱུང་བའི་ཚུལ་ལས་བློན་མ་ཡོངས་སུ་བཀོད
128a2 པའི་གཏམ་རྒྱུད་བརྗོད་པ་ཆོས་ཀྱི་ཕྱག་རྒྱའི་ཡེ་ཤེས་རྣམ་པར་བགྲོས་པ་སྐྱེ་བྱང་ཚུལ་བརྟན་པ་གཉིས་པའོ།། །། བམ་པོ་གཉིས་པར་ཟུག་པ། དེ་ནས་ལང་ཀའི་བདག་པོས་ཡང་གསང་བ་པའི་བདག་པོ་ལ་སྔོན་བྱུང་བའི་ཚིག་བཅུ་གཉིས་པའི་གསུམ་པའི་གླང
128a3 གིས་ངེས་པ་རྙེད་པ་ན་ཡང་བྷ་ཞེས་བསྟན་པ་དྲིས་པ། ཀྱེ་གསང་བ་པའི་བདག་པོ་ཉིད་ཀྱིས་ཐེག་པ་ཆེན་པོ་གསང་བ་དམ་པ་བྱུང་བའི་ཚུལ་སྟོན་པས་ལུང་བསྟན་པ་གཏུམ་ཅུ་བརྗོད་པའི་སྐབས་སུ་གང་གིས་ངེས་པ་རྙེད་པ་ན་ཡང་ཀྱང་ཞེས་བཀོད་པ་དེ་ཇི་ལྟ་བཞིག
128a4 ཏུ་རྙེད་དེ་གྲགས་པ་ལགས། སྨྲས་པ། ལང་ཀའི་བདག་པོ་གླང་གིས་གཟུང་སྔགས་ཀྱི་ངོ་བོ་རྡོ་རྗེ་སེམས་དཔའ་དེ་ཁོན་ཉིད་ཀྱི་ངེས་པ་སྦྱིན་ཅི་མ་ལོག་པ་རྙེད་པ་དེ་ཁོ་ན་ཉིད་ལ་བྱའོ།། སྨྲས་པ། གསང་བ་པའི་བདག་པོ་གསང་སྔགས་ཀྱི་ངོ་བོ་རྡོ་རྗེ་སེམས
128a5 དཔའ་དེ་གང་ནས་བྱུང་། གང་ན་གནས། གང་དུ་སྣང་། ཇི་ལྟར་བྱུང་དེ་སྐད་ཅེས་དྲིས་པ་ལས། གསང་བ་པའི་བདག་པོས་སྨྲས་པ། ཀྱེ་ལང་ཀའི་བདག་པོ་གསང་སྔགས་ཀྱི་ངོ་བོ་ཉིད་རྡོ་རྗེ་སེམས་དཔའ་དེ་ནི་འཁོར་བ་དང་བྲཅས་མྱ་ངན་ལས་འདས་པ
128a6 གཉིས་ཀྱི་ཁམས་ནས་བྱུང་ངོ་།། སངས་རྒྱས་ཀུན་གྱི་ཐུགས་དང་སེམས་ཅན་ཀུན་གྱི་སེམས་ལ་གནས་སོ།། ཞིང་ཁམས་མཐའ་ཡས་པར་སྣང་ངོ་།། ཡེ་ཛཱི་བའི་རྣ་པ་དང་། རྒྱང་དག་པར་རང་བྱུང་ངོ་།། ཡང་ལུང་གཱའི་བདག་པོས་དྲིས་པ། གསང
128a7 བ་པའི་བདག་པོ་རྡོ་རྗེ་སེམས་དཔའ་ཉིད་དུ་ངེས་པ་གང་ལ་གཞག་པར་བགྱི། གསང་བ་པའི་བདག་པོས་སྨྲས་པ། ལང་ཀའི་བདག་པོ་རྡོ་རྗེ་སེམས་དཔའ་ནི་གཅིག་དང་ཐ་དད་པའི་ངོ་བོ་ཉིད་ལས་གྲོལ་ཏེ་ཆོས་རྣམས་ཀྱི་ཆོས་ཉིད་མ་བཅོས་མ་བསྐྲད་པ།




iiif viewer powered by OpenSeadragon

127b - 128b

Texts on this page

Gdg007.2 - de bzhin gshegs pa thams cad kyi thugs gsang ba'i ye shes don gyi snying po rdo rje bkod pa'i rgyun rnal 'byor grub pa'i lung kun 'dus rig pa'i mdo theg pa chen po mngon par rtogs pa chos kyi rnam grangs rnam par bkod par zhes bya ba'i mdo