e-texts navigator
Collection
Volume
Page
Wylie

125a1 བརྙན་གཞལ་མེད་ཁང་ལས་མ་གཡོས་པར་ཆུ་ཐ་དད་པའི་ནང་དུ་གཟུགས་བརྙན་ཐ་དད་པར་སྣང་བ་བཞིན་དུ་སངས་རྒྱས་རྡོ་རྗེ་སེམས་དཔའ་ཉིད་ལས་མ་གཡོས་བཞིན་དུ་ཞིང་ཁྲིམས་དཔག་ཏུ་མེད་པར་སངས་རྒྱས་མཐའ་ཡས་པར་སྣང་ངོ་།། དེ་ལྟར
125a2 ན་གང་མིང་སྣ་ཚོགས་སུ་བཏགས་པའི་སངས་རྒྱས་ཀྱི་ཞིང་ཁམས་མཐའ་ཡས་པ་ན་འཁོད་པའི་སེམས་ཅན་རྣམས་ཀྱིས་སངས་རྒྱས་རྡོ་རྗེ་སེམས་དཔའི་མཚོན་སྣ་ཚོགས་པར་ཤེས་པ་ནི་བརྗོད་ཀྱིས་མི་ལང་བའི་བསྐལ་པར་སྨྲས་ཀྱང་ཤར་ཕྱོགས་གཅིག་པུའི་སངས
125a3 ཀྱི་ཞིང་ནི་བཞུགས་པའི་མཚན་ཉིད་ཀྱི་མཐའ་ཡང་མི་དམིགས་སོ།། དེ་བཞིན་དུ་ཕྱོགས་བཅུ་ཐམས་ཅད་ཀྱི་སངས་རྒྱས་ཀྱི་ཞིང་ན་འཁོན་པའི་སེམས་ཅན་རྣམས་བརྗོད་ཀྱིས་མི་ལང་བའི་བསྐུལ་པར་སྨྲས་ཀྱང་མཚན་གྱི་མཐའ་ནི་མི་རྫོགས་སོ།། ཇི་ལྟར
125a4 སེམས་ཅན་མོས་པ་ཆུང་ངུ་རྣམས་ཀྱིས་རྡོ་རྗེ་སེམས་དཔའི་ཞིང་ཁམས་ཚད་མེད་པ་དང་མཚན་མཐའ་ཡས་པ་ཐོས་ན་བློ་ག་ཆད་པ་དང་མྱོས་པར་འགྱུར་རོ།། ཇི་ལྟར་རྡོ་རྗེ་སེམས་དཔའི་ཞིང་ཁམས་དེ་དག་ཐམས་ཅད་ན་སེམས་ཀྱི་དཀྱིལ་འཁོར་འོད་གསལ་བ
125a5 གསང་སྔགས་ཀྱི་ངོ་བོ་དེ་ཉིད་འབའ་ཞིག་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་ཕྱིན་ཅི་མ་ལོག་པར་རིམ་གྱིས་དང་། ཅིག་ཅར་བར་སྟོན་ཏོ།། དེ་ཅིའི་ཕྱིར་ཞེ་ན། རྡོ་རྗེ་སེམས་དཔའི་ཞིང་ཁམས་ན་འཁོད་པའི་སེམས་ཅན་ཆེན་པོ་དེ་དག་ནི་སེམས་ཀྱི
125a6 དྲང་བཞིནི་སྣ་ཚོགས་པའི་ཕྱིར། བློ་ཤིན་ཏུ་ཟབ་པ་དང་། མི་ཟབ་པ་དང་། ཡངས་པ་དང་། དོག་པ་དང་། བརྟན་པ་དང་། འགྱུར་བ་དང་། རྣོ་བ་དང་། རྟུལ་བ་དང་། མྱང་བ་དང་། བུལ་བ་དང་། ཤས་སྐྲག་པས་བསྔགས་ཀྱི་ངོ་བོ་ཉིད་ཀྱིས་ཏམ་རིམ
125a7 གྱིས་པ་དང་ཅིག་ཅར་བར་ཐོས་ནས་དེ་དག་ལ་ཡང་མི་སྐྲག་མི་དང་གི་དགའ་ཞིང་མགུ་བ་དང་། རངས་པར་འགྱུར་བའི་ཕྱིར་སྣ་ཚོགས་སུ་སྣང་བའོ།། དེ་ན་གནས་པའི་ཚེའི་ཚད་ཀྱང་ཐུང་བ་དང་། རིང་བ་དང་། དཔག་ཏུ་མེད་པ་དང་། བརྒྱ་པ་དང་བརྒྱད་ཁྲི་བཞི




iiif viewer powered by OpenSeadragon

124b - 125b

Texts on this page

Gdg007.2 - de bzhin gshegs pa thams cad kyi thugs gsang ba'i ye shes don gyi snying po rdo rje bkod pa'i rgyun rnal 'byor grub pa'i lung kun 'dus rig pa'i mdo theg pa chen po mngon par rtogs pa chos kyi rnam grangs rnam par bkod par zhes bya ba'i mdo