| | e-texts navigator
|
121b1 སྨིན་པ་ཡང་མེད། གཏོང་བ་ཡང་མེད། ལེན་པ་དང་སྤོང་བ་པོ་ཡང་མེད་དེ། འཇིག་རྟེན་གྱི་ཁམས་གཞན་དག་ན་གཏོང་སྲོང་ཡོད་བདག་གི་གཏུ་མ་ཐོས་པ་ན་དེ་ལ་ཡོངས་སུ་སྨོན་པ་ཡིན་ཏེ། དེ་ནཱ་རྡོ་རྗེ་སེམས་དཔའི་སྤྲུལ་པ་ཐུབ་པའི་དབང་པོ་དེ་དེ་བཞིན་གཤེག
121b2 པ་ཤཱཀྱ་ཐུབ་པ་དྲི་མེད་སྒྲ་ཞེས་བྱ་བར་བསྟན་ནས་ཐེག་པ་ཆེན་པོའི་ཆོས་སེམས་ཀྱི་དཀྱིལ་འཁོར་འོད་གསལ་བ། གསང་སྔགས་ཀྱི་ངོ་བོ་ཉིད་སྒྲོན་མ་ཆེན་པོ་ཡོངས་སུ་སྣང་ངོ་།། དེ་ཉིད་ཀྱི་འཇིག་རྟེན་དྲུག་གི་ཕྱོགས་བཅུ་ན་ཡང་ཐུབ་པ་དྲུག་གི་སྒྲོན་མ
121b3 སྣང་བས་འགྲོ་བ་དྲུག་གསེམས་ཀྱིད་དཀྱིའི་འཁོར་ཡོངས་སུ་གསལ་བར་བྱེད་དོ།། ཡང་ཐུབ་པའི་དང་བ་དུ་སྟི་ཕྱོགས་ཀྱི་འཇིག་རྟེན་གྱི་ཁམས་སྣང་ཟག་བརྒྱ་དས་པོ་ནི་འཇིག་རྟེན་གྱི་ཁམས་ཡོན་ཏན་འབྱུང་བ་ཞེས་བྱ་བ་ན་དེ་བཞིན་གཤེགས་པ་བ
121b4 སྒྲིབ་པ་དཀོན་མཆོག་སྦྱིན་ཞེས་བྱ་བར་སྤྲུལ་ནས་སེམས་ཀྱི་དཀྱིལ་འཁོར་འོད་གསལ་བ་གསང་སྔགས་ཀྱི་ངོ་བོ་དེ་ཉིད་ཡོངས་སུ་སྣང་བར་བྱེད་དོ།། དེ་ཉིད་ཀྱི་འཇིག་རྟེན་དྲུག་གི་ཕྱོགས་བཅུན་ཡང་ཐུབ་པ་ཆེན་པོ་དྲུག་གི་སྒྲོན་མ་སྣང་བས་འགྲོ་བྱ་ཇུག
121b5 སེམས་ཀྱི་དཀྱིལ་འཁོར་གསལ་བར་བྱེད་དོ།། ཡང་ཐུབ་པའི་དབང་པོ་དེ་ནུབ་ཕྱོགས་ཀྱི་འཇིག་རྟེན་གྱི་ཁམས་སྟོང་ཕྲག་ཉི་ཤུ་འདས་པ་ན་འཇིག་རྟེན་གྱི་ཁམས་རྒྱན་ཤིན་ཏུ་བཀྲམ་པ་ཞེས་བྱ་བ་ན་གང་ཟག་བརྫུས་ནས་སྐྱེས་པ་ཤ་དགེ་སྟེ། ཚེ་ལོ་བརྒྱད
121b6 ཁྲི་བཞི་སྟོང་གནས་པའི་ཞིང་ཁམས་དེ་ན་དེ་བཞིན་གཤེགས་པ་ཤཱནྱ་ཐུབ་པ་ཡོན་ཏན་འབྱུང་གནས་ཞེས་བྱ་བར་བསྟན་ནས་སེམས་ཀྱི་དཀྱིལ་འཁོར་འོད་གསལ་བ་གསང་སྔགས་ཀྱི་ངོ་བོ་དེ་ཉིད་སྟོན་ཏོ།། དེ་ཉིད་ཀྱི་འཇིག་རྟེན་དྲུག་གི་ཕྱོགས་བཅུ་ན་ཡང
121b7 ཐུབ་པ་དྲུག་གི་སྒྲོན་མ་སྣང་བས་སེམས་ཀྱི་དཀྱིལ་འཁོར་གསལ་བར་བྱེད་དོ།། ཡང་ཐུབ་པའི་དབང་པོ་དེ་བྱང་ཕྱོགས་ཀྱི་འཇིག་རྟེན་གྱི་ཁམས་སྟོང་ཕྲག་སུམ་ཅུ་འདས་པ་ན་འཇིག་རྟེན་གྱི་ཁམས་བག་ཚ་བ་མེད་པ་ཞེས་བྱ་བ་ན་དེ་བཞིན་གཤེགས་པ་ཤཱཀྱ
iiif viewer powered by OpenSeadragon
121a - 122a