e-texts navigator
Collection
Volume
Page
Wylie

121a1 རང་ཟུང་ཤག། སྨྲས་པ། གསང་བ་པའི་བདུག་པ་ཞིང་ཁམས་འདོད་ཤུབ་ཐང་པ་ས་ཟ་བ་གྲགས་ན་དང་ལྟུར་མས་སུ་ཤེས་པར་བཅཝ། སྨྲས་པ། ལདཀའ་བདག་ན་དུན་རྗེ་རྗེསེམས་དཔ་ཚུལ་པབ་ཐ~ཾ་དགས་པའ་ཞིགག
121a2 ཀའི་བདག་པོ་རྒྱུ་བྱུང་ཞེ་ན། རྗེསེམས་དཔང་ཨུ་བ་པསམ་ཀྱིས་པ་ཞུབཔས་འཁོར་བ་ས་རྣཆིས་ཞབ་པ་གཏན་བཙས་པའི་བྱར་ཆུབ་པརྩོན་པ་ཞེས་སོ་ས་པ་གྲགས་པ།། དེ་ལྟར་འཇིགརྟེན་དྲུག་གི་ཕྱོགས་བཟུར་ཡང་ཐུབ་པ་ཅན་པ་ཞེས་བྱ
121a3 ཡང་གྲགས་པ་ནི་འདི་ལྟ་སྟེ། ལྷའི་གནས་སུ་ཐུབ་པ་ཆེན་པོ་སྲིད་ཐུབ་འཛིན་ཞེས་བྱ་བར་གྲགས་སོ།། ལྷ་མ་ཡིན་གྱི་གནས་སུ་ཐུབ་པ་ཆེན་པོ་རྣམ་པར་རྒྱལ་བ་ཞེས་བྱ་བར་གྲགས་སོ།། མིའི་གནས་སུ་ཐུབ་པ་ཆེན་པོ་ཤཱཀྱ་སེང་གེ་ཞེས་བྱ་བར་གྲགས་སོ།།
121a4 བྱོལ་སོང་གྲི་གནས་སུ་ཐུབ་པ་ཆེན་པོ་རྣམ་པར་གནོན་པ་ཞེས་བྱ་བར་གྲགས་སོ།། ཡི་དྭགས་ཀྱི་གནས་སུ་ཐུབ་པ་ཆེན་པོ་རྣམ་པར་སྣང་བྱེད་ཅེས་བྱ་བར་གྲགས་སོ།། དམྱལ་བའི་གནས་སུ་ཐུབ་པ་ཆེན་པོ་ཆོས་ཀྱི་རྒྱལ་པོ་ཞེས་བྱ་བར་གྲགས་།
121a5 ཀྱེ་ལང་ཀའི་བདག་པོ་དེར་ཡང་མ་ཟད་དེ། དེ་ཇི་ལྟ་བ་དེ་ལྟར་དེ་བཞིན་དུ་མི་མཇེད་ཀྱི་འཇིག་རྟེན་དྲུག་གི་ཕྱོགས་བརྒྱན་ཐུབ་པ་དྲུག་གི་སྒོན་མ་ཡོངས་སུ་སྣང་བ་དེ་ལྟ་ད་ལྟར་རྡུལ་སྐྱེད་ཀྱི་འཇིག་རྟེན་གྱི་ཁམས་བསམ་གྱིས་མི་ཁྱབ་པའི་འཇིག་རྟེན་དྲུག་གི
121a6 ཕྱོགས་བཅུ་མཐང་ཡསུ་པ་ན་རྡུལ་སྙེད་ཀྱི་ཐུབ་པ་དྲུག་གི་སྒྲོན་མ་མཐའ་ཡས་པར་སྣང་བ་ཡང་འདི་ལྟ་སྟེ། ཤར་ཕྱོགས་ཀྱི་འཇིག་རྟེན་གྱི་ཁམས་གླིང་བཞི་པ་སྟོང་ཕྲག་བཅུ་གཉིས་འདས་པ་ན་འཇིག་རྟེན་གྱི་ཁམས་དྲི་མ་མེད་པ་ཞེས་བྱ་བ་ཞིང་ཁམས་དེ
121a7 ཐམས་ཅད་རིན་པོ་ཆེ་སྣ་ཚོགས་ལས་གྲུབ་པ། དེ་ན་གནས་པའི་འགྲོ་བ་རྣམས་ཚེ་དང་ལོངས་སྤྱོད་ཐམས་ཅད་སུམ་ཅུ་རྩ་གསུམ་དང་མཉམ་པ། བར་མ་དོར་འཆི་བ་མེད་ཅིང་བརྫུས་ནས་སྐྱེ་བ་ཤ་དག་ཀྱང་འདོད་པ་ཐམས་ཅད་བསམས་པས་འབྲུབ་སྟེ། དེ་ན




iiif viewer powered by OpenSeadragon

120b - 121b

Texts on this page

Gdg007.2 - de bzhin gshegs pa thams cad kyi thugs gsang ba'i ye shes don gyi snying po rdo rje bkod pa'i rgyun rnal 'byor grub pa'i lung kun 'dus rig pa'i mdo theg pa chen po mngon par rtogs pa chos kyi rnam grangs rnam par bkod par zhes bya ba'i mdo