| | e-texts navigator
|
120b1 སམ་ཁྲིས་སྨྲས་པ་ལས། ལང་ཀྭའི་བདག་པོས་སྨྲས་པ། ཨེ་མའོ་གསང་བ་བའི་བདག་པོ་དེ་ནི་བདག་གིས་ཐོས་པ་དམ་པ་ཐོས་སོ།། ཐོས་པའི་མཆོག་ཐོས་སོ།། གསང་བ་པའི་བདག་པ་ཡོངས་སུ་རྨོངས་པ་གདུངས་པ་ནི་སངས་པ་སྠཱ་ན། སྒྲོན་མ་ཡོངས
120b2 སུ་བཀོད་པ་ནི་ཡང་འབྲུར་ཞེས་པ་ཇི་ལྟ་བ་བཞིན་དུ་གྲགས་པ་ལགས། མེ་མཇེད་ཀྱི་འཇིག་རྟེན་གྱི་ཁམས་འདི་དང་ལྟར་ཡོངས་སུ་འདས་པ་འདི་སྒྲོན་མ་བཀོད་པ་ཞེས་བྱ་བར་འགྱུར་རམ། འདས་པ་འདི་ཡང་མི་མཇེད་ཀྱི་འཇིག་རྟེན་གྱི་ཞིང་ཁམས་འདི་འ
120b3 ཞིག་གི་སྒྲོན་མ་སངས་རྒྱས་མྱ་ངན་ལས་འདས་སམ། འོན་ཏེ་འཇིག་རྟེན་གྱི་ཁམས་མཐའ་དག་ན་ཞིང་ཁམས་ཇི་སྙེད་པའི་སྒྲོན་མ་བཀོད་པའི་སངས་ནས་མྱ་ངན་ལས་འདའ་བར་འགྱུར་ཞེས་དྲིས་པཱ་ལས། གསང་བ་པའི་བདག་པོས་སྨྲས་པ། ལང་ཀའི་བདག་པོ
120b4 དེ་ཇི་སྙམ་དུ་སེམས། འདི་ཡང་སྒྲོན་མ་ཞེས་བྱ་སྟེ། ད་ལྟར་འདས་པ་ནི་ཞིང་ཁམས་མཐའ་དག་གི་སངས་རྒྱས་ལྷ་ཞོག་འཛམ་བུའི་གླིང་བྱེ་བ་ཕྲག་ས་ཡའི་སངས་རྒྱས་ལྷ་ཡང་ཞོག། འཛམ་བུའི་གླིང་གཅིག་གི་སངས་རྒྱས་གཅིག་ཡོངས་སུ་མྱ་ངན་ལས་འདས་པར
120b5 ས་ན་དུ་དང།
120b6 ཇི་ལྟ་བ་དེ་ལྟར་སྤྲུལ་པའི་སངས་རྒྱས་རྡུལ་སྙེད་ཀྱང་དེ་བཞིན་དུ་བལྟའོ།། དེ་ནས་ལ་ས་མི་མངའ་བདག་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་དྲིས་པ། གསང་བ་པའི་བདག་པོ་མི་མཛོད་ཀྱི་ཞིང་ཁམས་འཛམ་བུའི་གླིང་གཅིག་གི་སྤྲུལ་པའི་སྤངས
120b7 རྒྱས་ཉག་གཅིག་མྱ་ངན་ལས་འདས་པ་འདི་སངས་རྒྱས་གང་གི་སྤྲུལ་པར་ཡོངས་སུ་གཟུང་བར་བགྱི། གསང་བ་པའི་བདག་པོས་སྨྲས་པ། ལང་ཀའི་བདག་པོ་འདི་ནི་རྡོ་རྗེ་སེམས་དཔའི་སྤྲུལ་པ་བསམ་གྱིས་མི་ཁྱབ་པ་ལས་སྤྲུལ་པ་ཆ་གཅིག་འབའ་ཞིག་ཁོ
iiif viewer powered by OpenSeadragon
120a - 121a