e-texts navigator
Collection
Volume
Page
Wylie

119b1 ཟླ་དད་མིན།། མ་འདས་པ་ནའང་གཅིག་མིན་ཏེ།། འདའ་དང་མི་འདའ་ལས་འདས་པས།། བྲལ་དང་མ་བྲལ་ག་ལ་ཡོད།། དེས་ན་གང་ལ་ཅི་ཕྱིར་གདུ་།། གདུང་བ་རྨོངས་པ་འཁྲུལ་པ་ཡིན།། ཨེ་མའོ་ངོ་མཚར་ཇི་ལྟ་བུ།། འདི་གོ་ཇི་ལྟར་འཁྲུལ་ཞིག་གུ།།
119b2 ཞེས་གསང་བའི་བདག་པོ་དེས་སེང་གེ་རྣམ་པར་ལྟ་བའི་ཚུལ་གྱིས་གནས་བཏབ་པས་རྨོངས་པས་གདུངས་པ་རྣམས་དགའ་མགུ་རངས་ནས་གདུང་བ་ཡོངས་སུ་སངས་ཏེ་སེམས་མ་བཅོས་པར་གནས་ཏེ་དེ་བཞིན་གྱི་དཀྱིལ་འཁོར་ཐམས་ཅད་འོད་གསལ་བར་གྱུ
119b3 ཏོ། དེ་ནས་ལང་ཀའི་བདག་པོས་གསང་བ་པའི་བདག་པོ་ལ་གསོལ་བ།། གསང་བ་པའི་བདག་པོ་ཆེན་པོ་གདུང་བ་ཐམས་ཅད་སེལ་ཏམ།། དྷིནརྀ་ཏི་མི་མཇེད་ཀྱི་འཇིག་རྟེན་གྱི་གདུང་བ་འབའ་ཞིག་སེལ།། གསང་བ་པའི་བདགེ་བོས་སྦས་པ། ལང་ཀའི་བདག
119b4 པོ་ཁོ་བོ་ནི་གདུང་བ་ཐམས་ཅད་སེལ་བ་སྟེ།། འདས་པའི་དུས་ཀྱི་གདུང་བ་ཇི་སྙེད་པ་ཡང་བསལ་ཏོ།། ད་ལྟ་མི་མཇེད་ཀྱི་འཇིག་རྟེན་གྱི་ཁམས་འདི་ཡི་གདུང་བ་ཡང་བསལ།། འཇིག་རྟེན་གྱི་ཁམས་གཞན་རྡུལ་སྙེད་ཀྱི་གདུང་བ་ཡང་བསལ། མ་འོངས་པའི
119b5 གདུང་བ་ཇི་སྙེད་པ་ཡང་སེལ་བར་འགྱུར་རོ།། དེ་བས་ན་གང་དག་ཡོངས་སུ་གདུང་བ་རྣམས་ནི་མི་ཤེས་པ། རྨོངས་པ། ཤེད་མ་བྱེ་བ་ཁོ་ན་ཡིན་གྱི་ཤེས་པ། མ་རྨོངས་པ་མཁས་པ་ཤེད་བྱེ་བ་རྣམས་ནི་གང་དུ་ཡང་གདུང་བ་མེད་པ་གདུང་བ་དང་བྲལ་བ་ཡིན
119b6 ནོ།། ཞེས་ཐོས་པས་ལང་ཀའི་བདྲག་པོ་ལ་སོགས་པ་འགྲོ་བ་ལུས་ཀྱི་སེམས་དཔའ་རྣམས་ཡོངས་སུ་གདུང་བ་ལས་སངས་སོ།། སངས་རྒྱས་ཀུན་གྱི་དགོངས་པ་འདུས་པའི་མདོ་ཆེན་པོ་ལས་གང་རྨོངས་པ་གདུང་བ་སེལ་བ་ཞེས་བྱ་བའི་ལེའུ་སྟེ་དྲུག་པའོ།།
119b7 ཐེག་པ་ཆེན་པོ་ངེས་པར་འབྱུང་བའི་ཚུལ་ལས་གང་རྨོངས་པའི་གདུང་བསེལ་བའི་གཏིམ་རྒྱུད་བརྗོད་པ་ཆོས་ཀྱི་ཕྱག་རྒྱའི་ཡེ་ཤེས་རྣམ་པར་བགྲོས་པ་སྟེ་བྱུང་ཚུལ་བསྟན་པ་དང་པོའོ།། དེ་ནས་ལང་ཀའི་བདག་པོས་སྔོན་དུ་གནང་བའི་ཚིག་བཅུ་གཉིས་པའི




iiif viewer powered by OpenSeadragon

119a - 120a

Texts on this page

Gdg007.2 - de bzhin gshegs pa thams cad kyi thugs gsang ba'i ye shes don gyi snying po rdo rje bkod pa'i rgyun rnal 'byor grub pa'i lung kun 'dus rig pa'i mdo theg pa chen po mngon par rtogs pa chos kyi rnam grangs rnam par bkod par zhes bya ba'i mdo