| | e-texts navigator
|
118a1 བདུད་རྣམས་འཇོམས།། འཇིགས་པའི་ཚོགས་ཀྱང་འཇོམས་བྱེད་པས།། ཁྱོད་ནི་བདུད་ཀྱི་བདུད་དུ་གྲགས།། དེ་བཞིན་ཉིད་གི་ངོ་བོ་ཉིད།། སེམས་ཉིད་རང་བཞིན་འོད་གསལ་བ།། ཆོས་ཀུན་གཟུགས་བརྙན་སྣང་བས་ན།། ཆོས་ཀྱི་མ་ལོང་ཞེས
118a2 ཀྱང་གྲགས།། དྲག་འཇོམས་སྨན་གྱི་དཀྱིལ་འཁོར་གྱིས།། ཟུག་རྔུ་འབྱིན་པ་བླ་ན་མེད།། ནད་དོ་ཅོག་གི་དགྲར་གྱུར་པས།། ཁྱོད་ནི་སྨན་པའི་རྒྱལ་པོ་གྲགས།། དགའ་མགུ་རངས་པར་མཛད་པས་ན།། ཁྱོད་ནི་གདུང་འི་སྤེལ་བར་གྲགས།། འདོད་པ་ཡིད
118a3 བཞིན་སྐོང་བས་ན།། ཁྱོད་ནི་ཡིད་བཞིན་ནོར་བུར་གྲགས།། དམ་པ་རྣམས་དང་མཐུན་མཛོད་ལ།། བདག་ཅག་རེག་པ་འཛིན་རྣམས་ལ།། དམ་པའི་སྤྲུལ་པ་གང་ལྟར་ནུབ།། དམ་པའི་སྒྲོན་མ་ཇི་ལྟར་བཀོད།། དམ་པའི་གསང་ལུང་ཇི་ལྟར་འབྱུང་།།
118a4 གསང་བ་རྒྱུད་ཀྱི་བཟོ་བ་མཛོད།། དགོངས་པའི་ཆོ་ག་གསུམ་བགྲོ་བ་མཛོད།། ནམ་མཁའ་རྡོ་རྗེ་བགྲོ་བ་མཛོད།། ཅེས་གསོལ་བ་བཏབ་བོ།། སངས་རྒྱས་ཀུན་གྱི་དགོངས་པ་འདུས་པའི་མདོ་ཆེན་པོ་ལས་ལུང་དམ་པ་བསྒོ་བར་གསོལ་བ་བཏབ་པའི་ལེའུ་སྟེ།
118a5 ལྔ་པའོ།། །། དེ་སྐད་ཅེས་གསོལ་བ་བཏབ་པ་ལས།། གསང་བའི་བདག་པོས་བཀའ་སྩལ་པ།། སྔོན་དུ་བྱུང་བར་ལུང་བསྟན་པའི།། འགྲོ་བ་ལུས་ཀྱི་སེམས་དཔའ་རྣམས།། གདུང་སྔགས་དྲི་བ་དང་བཅས་པའི།། སྒྱུ་མའི་རྟོག་པ་དགྲོལ་གྱིས
118a6 ཉོན།། སེམས་ཀྱི་དཀྱིལ་འཁོར་དེ་བཞིན་ཉིད།། ནམ་མཁའ་བཞིན་དུ་ཆུབ་པ་མེད།། རང་བཞིན་ཡེ་ནས་འདི་གསལ་བས།། དེ་ལ་གང་སླེ་བ་དེ་ཉིད་སྩོལ།། ཚང་མྱ་གཉིས་ཀྱིས་གང་གཞལ་བ།། ཤེས་བྱ་དེ་ཡང་ཚད་མར་བྱུང་།། ལེག་དྷ་ཏེས
118a7 བའང་དེ་ཉིད་པས།། དེ་ཉིད་དེ་ལ་འགྱུར་བ་མེད།། སེམས་ཀྱི་རང་བཞིན་མེདགས་ས་པས།། དཀར་བས་དཀར་བདེནི་བླ་མེད།། སངས་རྒྱས་མྱ་ངན་ཡོང་མི་འདའ།། ཆོས་ཀྱང་རྔུབ་པར་མི་འགྱུར་ཏེ།། ཕེ་ལ་ཅན་ལ་ཕན་གདགས་ཕྱིར།། སྤྲུས་པ་རྣམས་ནི་འ
iiif viewer powered by OpenSeadragon
117b - 118b