| | e-texts navigator
|
117b1 འདོད་ལམ་འདིར་ཤོག། ང་ནི་བཀའ་ཡི་འགྲེལ་པ་སྐྱེ།། གསུང་གི་གླེགས་པ་མ་ཟབ་མོ་རྣམས།། ངེས་པར་དགྲོལ་བར་དམ་བཅས་ཀྱིས།། གང་དག་ཤེས་འདོད་ལམ་འདིར་ཤོག། རྣམ་དག་ལམ་ཆེན་ཀུན་སྒྲོལ་འདིར།། སྐལ་ལྡན་གང་ཞིག་སུ་བཞུགས་པ།
117b2 ནོརི་བུ་རིན་ཆེན་འོད་འབར་བ།། ངེས་པར་འཐར་གྱིས་བརྩོན་པར་ཟློག།། དེ་ཉིད་སེམས་ཀྱི་མ་འོ་སྟེ།། མངོན་སུམ་གསལ་བར་རྟོགས་མ་ཐག། འགྲོ་བའི་སུས་ལ་སངས་རྒྱས་ཡིན།། རྡོ་རྗེགས་ཆེན་གསང་བ་ལ།། དེས་དྲོན་དམ་པའི་མཛོད་མཆོག་རྣ
117b3 འདིར་བགྲོས་གསལ་བར་བཤང་སྦར་བས།། ལྷ་དང་མི་ཡི་རིག་འཛིན་ལས།། རིམ་པར་བརྒྱུད་དེ་གྲགས་པར་འགྱུར།། ལྷ་མི་འཇིག་རྟེན་ཐམས་ཅད་ཀྱེ།། མུན་པའི་གདུང་བ་ཀུན་བསལ་ནས།། སེམས་ཀྱི་དཀྱིལ་འཁོར་གསལ་བར་འགྱུར།། ཅི་ནྱཿ།
117b4 མུན་པའི་གདུང་བར་ཞུགས།། ཐུབ་པ་མྱ་ངན་འདས་གདུང་བ།། དེ་ནི་ནམ་མཁའི་སྐུ་མངའ་བ།། འདའ་དང་མི་འདའ་མི་མངའ་སྟེ།། འཕོ་འགྱུར་མེད་པས་ནམ་མཁའ་བཞིན།། དེ་སྐད་སྤྲུལ་པའི་སྒྲ་འབྱུང་བས།། སྔོན་དུ་བྱུང་བའི་རིགས་ཅན་རྣམས།།
117b5 མཆོག་ཏུ་དགའ་བ་ཆེར་སྐྱེས་ཏེ།། དགའ་མགུ་རངས་པའི་བསམ་པ་བྲིས།། ལུས་བ་ཏུདྲ་ཤིན་ཏུ་གུས་སྦྱརྱ་ནས།། སྟན་སྔར་འདུག་སྟེ་འདི་སྐད་གསོལ།། མཚན་མོའི་མུན་ནག་སྨིན་དུམ་ནིས།། གློག་འགྱུར་བར་སྣང་སྟོན་ལྟ་བུར།། ཐོག་མ་ཐ་མ་མེད་པ
117b6 ཡེ། དེ་བཞིན་ཉིད་ཀྱི་དབྱིངས་ཉིད་ལས།། རྣམ་དྲག་ལམ་ཆེན་དེ་ཉིད་དུ།། བྱུང་བའི་སྐྱེས་བུ་རྡོ་ནྡོ་གྲབ~ཾ་ཁྱོད།། དམ་པ་རྣམས་ཀྱི་གསང་འཛིན་རླུང་།། གསང་བ་པ་ཡི་བདག་པོར་གྲགས།། བཀའ་རྣམས་འགྲོ་བར་ཁྱོད་བསྔགས་པས།། ཁྱོད་ནི་བཀའ
117b7 འབྲེལ་ཆེན་པོར་གྲགས།། སེམས་ཀྱི་དཀྱིལ་འཁོར་ཐམས་ཅད་ལ།། མཛོད་གསུམ་གསོང་བའི་ཉི་ཤོར་ངོ།། ཤེས་བྱའི་མུན་པ་སུན་བསལ་ཕྱིར།། ཁྱོད་ནི་གསལ་བའི་ཉི་མར་གྲགས།། གདུལ་དཀའ་མ་ལུས་ཀུན་འདུལ་ཞིང་།། བདུད་ཀྱི་བརྡུད
iiif viewer powered by OpenSeadragon
117a - 118a