| | e-texts navigator
|
115b1 རྒྱས་ཀུན་གྱི་དགོངས་པ་འདས་པའི་མདོ་ཆེན་པོ་ལས་ཐོག་མར་དམ་པས་གདུང་བ་བཏོན་པའི་ལེའུ་སྟེ་གསམ་བའོ།། ། དེ་སྐད་སྨྲས་ཏེ་གདུངས་པ་ལས།། སྲེད་ག་མ་འགྲོ་བདེ་ཎྜིནཱ་ག་ཅིག་པ།། ནལ་བརྒྱ་མདྨོ་རྣམས་ཀྱིས་གསྟན།། སྙིང་རྗེར
115b2 བདག་པོ་དེ་དག་ཀུན།། ལྕང་ལོ་ཅན་གྱི་ཕོ་བྲང་དུ།། གསང་བའི་བདག་པོ་གནས་སུ་འདུས།། བསྒྲལ་བ་ཆེན་པོ་འདི་སྐད་གསུངས།། གས་བ་པྲ་ཡི་བདག་པོ་ཁྱོད།། སྔོན་གྱི་གོ་ཆ་ཡལ་ལམ་ཆི།། འཇིག་རྟེན་སྡུག་བསྔལ་མི་ཤེས་སམ།། སྙིང་རྗེའི་ས་ལ་བ
115b3 ནས་ཀྱང་།། འཇིག་རྟེན་གདུང་བ་བསལ་བའི་རིགས།། སོ་སོའི་རིགས་ཀྱི་ཆ་བཟུང་བས།། མ་རུངས་པོ་དག་ཀུན་བཏུལ་ཏེ།། འདོད་ཁྲིད་ཐབས་སུ་ཚིག་རྣམས་ཀྱིས།། ལས་ཀྱི་ཚེ་དང་སྤྱོད་མཐུན་པར།། འདུ་ཤེས་བཏུང་བ་བྱས་ནས་ནི།། བཀའ་ཡི་བགྲོ་བ་བཤཱ
115b4 སྦྱར་ནས།། ཡང་དག་དོན་ལ་དགོད་པའི་རིགས།། དེ་སྐད་རྣམ་པར་བསྐུལ་བ་ལས།། དཔའ་བོ་རྡོ་རྗེ་འཛིན་རྒྱལ་པོས།། གདུལ་དཀའ་འདུལ་ལ་མཁས་པའོ།། འཇིག་རྟེན་ཀུན་ལ་རྒྱལ་བའི་མཆོག། གསང་བའི་རྟགས་འཛིན་རྡོ་རྗེ་ཅན།། དགྱེས་ཤིང་།
115b5 གདན་ལས་བཞེངས་ནས་ནི།། ཆོ་འཕྲུལ་ཆེན་པོ་ཀུན་བསྟན་ནས།། འཇིག་རྟེན་ལོག་པའི་གཙོ་བོ་རྣམས།། སྒལ་དང་ལྡན་པར་ལུང་བསྟེན་པ།། ལས་དང་སྐལ་བར་རབ་ལྡན་ཞིང་།། རྒྱལ་བས་འབྱུང་བར་ལུང་བསྟན་པའི།། བསོད་ནམས་ཆེན་པོའི
115b6 སྐལ་ཅན་རྣམས།། སྤྲུལ་པས་ཇི་ལྟར་ལུང་བསྟན་བཞི་ནི།། ད་ལྟར་དུས་ལ་འདིར་བབྱས་ཀྱིས།། འཁོར་བའི་སྙིང་པོར་ལུང་བསྟན་ཕྱིར།། ཆོ་འཕྲུལ་རྣམས་ཀྱི་བྱིན་རླབས་ཀྱིས།། བསྟན་པའི་སྙིང་པོ་དམ་པ་ཞིག། ཇི་ལྟར་བཤད་ཅིང་ལུང་བསྟན
115b7 བཞིན།། སྐལ་ལྡན་ཅན་ལ་བགྲོ་བར་བྱའོ།། དྲག་ཤུལ་ཅན་ཞེས་བྱ་བའི་རི།། དགོན་པ་ཆེན་པོའི་གནས་འདི་ནི།། ཡེ་ཤེས་སྙིང་པོ་ཅན་རྣམས་ཀྱི།། ཐེག་ཆེན་གསང་བ་འབྱུང་བའི་གནས།། ཐོག་མ་ཐ་མའི་དུས་མེད་པར།། དམ་པ་རྣམས
iiif viewer powered by OpenSeadragon
115a - 116a