e-texts navigator
Collection
Volume
Page
Wylie

115a1 བསླབ་པ་དམ་པའི་རིན་པོ་ཆེ།། བྲལ་ན་ཤིན་ཏུ་མཛང་ན།། སྐྱེས་བུ་དམ་པ་གང་ཞིག་གིས།། ཚུལ་རྣམས་འཛིན་པར་བྱེད་པར་འགྱུར།། སྟོན་པ་མི་བཞུགས་དེ་རྗེས་ན།། སྟོན་པའི་སྐྱོབ་མ་ཇི་སྙེད་པ།། འཕགས་དང་གང་ཟུག་ཐ་དད་པ།
115a2 ལུང་བསྟན་འབྱུང་བ་གང་ས་ཞིང་།། བསྟན་པ་ནམ་མཁའ་འཛབ་ལ།། མོས་པ་ཐ་དད་སར་བཟུང་ནས།། ཡིནྡ་དང་མ་ཡིན་ཆ་འཛིན་ཅིང་།། རྩོད་པ་འཕེལ་བར་མི་འགྱུར་རམ།། དེ་ཉིད་ངེས་པར་རིགས་གཙིག་པ།། རིགས་མི་མཐུན་པར་ཐ་དང་སྤྱོད།། རིགས
115a3 གཅིག་ཐ་དད་རིགས་རྣམས་སུ།། བསྐྲད་ཅིང་བཅོས་པར་མི་འགྱུར་རམ།། རིན་ཐར་མེད་པའི་རིན་པོ་ཆེ།། མི་མཁས་གང་ཟག་ཐ་དད་པས།། ཉོན་མོངས་འདོད་པས་ཁྲིད་དབང་གིས།། དུག་དྲང་བརྗེ་བར་མི་འགྱུར་རམ།། ཆོས་ཀྱི་རྒྱལ་པོ་སྟོན་པ་སྟེ།། འདི་སྔོན
115a4 ཕུན་ཆད་ཞལ་བཞུགས་ཚེ།། མ་རུངས་པ་རྣམས་འཚེ་བགྱིད་ན།། གདུག་པ་དར་བར་མི་འགྱུར་རམ།། གང་འདིར་བསྟན་པ་གནས་པའི་ཡུན།། ཇི་སྲིད་གཅིག་ཏུ་གནས་པར་འགྱུར།། གང་འདིར་སྔར་འབྱུང་གང་སྔར་འབྱུང་།། ཕྱིས་འབྱུང་དུས་འདི་ཇི་ལྟར་འགྱུར།།
115a5 སྟོན་པའི་བསྟན་པ་ཐུ་མའི་ཚེ།། ངེས་པར་ཇི་ལྟར་འགྱུར་ཞིག་ས།། བསྒྲུབ་དུ་འཛིན་པའི་སློབ་མི་རྣམས།། ཐ་མ་ཇི་ལྟར་འགྱུར་ཞིག་གུ།། འདི་ནས་མྱ་ངན་འདས་འོག་ཏུ།། གང་ལྟར་སུ་ཡི་སྟོན་པར་གྲེ་ཤེགས།། ཞིང་ཁྲིམས་ཕྱོགས་ནི་གདོན་བཞུགས།། དོན
115a6 བིསྟེར་པ་ཅི་ཞིག་སྒྲོགས།། ང་ཡོད་འཇིག་རྟེན་མགོན་མེད་རྣམས།། མགོན་དང་སྐྱབས་སུ་གང་ཞིག་འགྱུར།། འཕྲུལ་གྱི་བློ་དང་གྲོས་སྦྱོར་ན།། བློ་དདུ་གློས་ནི་གང་ནས་བཙལ།། ངེས་པའི་དོན་འདི་མ་རྙེད་ན།། ང་ཡོད་དེས་དོན་གང་ལས་གཟུང་།། མཆོད
115a7 གནས་ཡིད་རྟེན་མོ་བཞུགས་ན།། སྐུ་གདུང་ཇི་ལྟར་འགྱུར་ཞིག་གུ།། སྨད་ཀྱིས་མཆོད་གནས་ཅི་ལ་བགྱི།། ད་ལྟར་སྟོན་པ་འདིས་འོག་ཏུ།། གདུང་འཚོ་བ་སྐྱེས་བུ་འབྱུང་འགྱུར་རམ།། ཨེ་མའོ་ཀྱི་ཧུད་ཨོཾ་མའོ་བློང་ཞེས་ཡོངས་སུ་གདུང་བ་བཏོན་ཏོ།། སངས




iiif viewer powered by OpenSeadragon

114b - 115b

Texts on this page

Gdg007.2 - de bzhin gshegs pa thams cad kyi thugs gsang ba'i ye shes don gyi snying po rdo rje bkod pa'i rgyun rnal 'byor grub pa'i lung kun 'dus rig pa'i mdo theg pa chen po mngon par rtogs pa chos kyi rnam grangs rnam par bkod par zhes bya ba'i mdo