e-texts navigator
Collection
Volume
Page
Wylie

113b1 པ་ཆོག་གསུམ་པོ།། གདམས་ངག་ལུང་དུམ་བཞུག་ན།། བྲོ་ཆུང་མུན་པས་རྨོངས་པ་རྣམས།། ངེས་པའི་བློ་གྲོས་གང་ལ་གཞག། རྣམ་པར་ཐར་པའི་ཐེག་པ་གསུམ།། གང་བསྡུ་གང་ལ་གང་གིས་བསྡུ།། འཇིག་རྟེན་གསལ་བའི་ཉི་ནུབ་ན།། སྒྲོན་མ་གང
113b2 གིས་མཛད་པར་འགྱུར།། བསྟན་པ་འཇིག་པའི་ལོག་སྡེ་པ།། རྒོལ་བ་གང་གིས་ཚར་གཅོད་འགྱུར།། དེ་སྐད་ཅེས་གསོལ་བ་དང་། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རིག་པ་འཛིན་པ་ཆེན་པོ་ལེགས་སོ།། ཁྱོད་ཀྱིས་དྲི་བ་ལྔ་དྲིས་པ་ནི་ཤིན་ཏུ་ལེགས
113b3 སོ།། འདི་ལྟ་སྟེ། དེ་ཁོ་ན་ཉིད་དུ་ངེས་པའི་ཐེག་པ་ཆེན་པོ་སྟེ། གནས་སྐབས་གཉིས་དང་བཅུར་འབྱུང་བ་སྟེ། གང་རྨོངས་པ་གདུང་བ་སེལ་བ་ན་ཡིང་འབྱུང་། གང་འཇིག་རྟེན་གྱི་སྒྲོན་མ་ཡོངས་སུ་བཀོད་པ་ན་ཡང་འབྱུང་། གང་གིས་ངེས་པ་རྙེད་པ་ན་ཡང་འགྱུར
113b4 གྱུ། དས་ས་། ག་པ་སྙེད་ན་བྱུང། རྐྱེན་གྱི་ལ་ཝཱ། ན་བ་ག་ང
113b5 ན་ཡང་འབྱུང་། ལུང་ཆེན་ངེས་པར་བསྟན་པ་ན་ཡང་འབྱུང་། ལས་རྒྱུད་ཡོངས་སུ་གཅོད་པ་ན་ཡང་འབྱུང་། དགོངས་པ་རྣམ་པར་བགྲོ་བ་ན་ཡང་འབྱུང་། དེ་དག་ནི་ཐམས་ཅད་ཀྱི་ཐམས་ཅད་ནས་ཐམས་ཅད་དུ་ཀུན་དུ་ཡོངས་སུ་རྣམ་པར་སྣང་ངོ་།། སྡང་བར་གྱུར་ཏོ།།
113b6 སྣང་བར་འགྱུར་རོ་ཞེས་བཀུའ་སྩལ་པས་དྲི་བ་དང་པོའི་ཡོངས་སུ་རྟོག་པ་ཆད་དོ།། དེ་ནས་ཡང་སྟོན་པས་དྲི་བ་གཉིས་པ་བཀའ་སྩལ་པ། རིག་པ་འཛིན་པ་ཆེནུ་པོ་བློ་དང་ལྡན་པར་བྱའོ།། གྲོས་ཀྱིས་ཆོད་པར་བྱའོ།། ཐབས་ཀྱིས་ཟིན་པར་བྱའོ།། བསམ་པ་དག་པར་བྱའོ།།
113b7 བརྗོད་པ་དང་པོར་བྱའོ།། སྤྱོད་པ་ལེགས་པར་བྱའོ།། དོན་བཙལ་བར་བྱའོ།། དགོས་ཆེད་བཾ་རྟག་པར་བྱའོ།། ངེས་པ་རྙེད་པར་བྱའོ།། བདེན་པར་སྨྲ་བར་བྱའོ།། ཚིག་མི་འགྱུར་བར་བྱའོ།། ཇི་སྐད་སྨྲས་པ་བཞིན་དུ་བྱའོ།། སྒོ་གསུམ་ལ་མཁས་པར་བྱའོ།། སྔགས




iiif viewer powered by OpenSeadragon

113a - 114a

Texts on this page

Gdg007.2 - de bzhin gshegs pa thams cad kyi thugs gsang ba'i ye shes don gyi snying po rdo rje bkod pa'i rgyun rnal 'byor grub pa'i lung kun 'dus rig pa'i mdo theg pa chen po mngon par rtogs pa chos kyi rnam grangs rnam par bkod par zhes bya ba'i mdo