| | e-texts navigator
|
112b1 པ་ཤ་དག་གོ།། དེ་དག་ལས་གཞི་གསུམ་པ་ནི་གསང་སྔགས་ཀྱི་ངོ་བོ་ཉིད་ལ་འཇུག་གོ།། སྤྱོད་པ་དང་གནས་པ་དང་། ཐོབ་པ་དང་། ཕྱིར་ལྟ་བ་དང་། ཡོངས་སུ་རྫོགས་པའོ།། དེ་ཀུན་དུ་སྒྲ་ལ་གནས་པ་དང་། ས་ལ་གནས་པ་དང་། ཚེ་ལ་གནས་པ་དང་། ཕྱག
112b2 ཆེན་པོ་དང་། ལྷུན་གྱིས་གྲུབ་པར་གྱུར་པ་འབའ་ཞིག་གོ།། དེ་ལྟར་ན་འཇིག་རྟེན་གྱི་ཁམས་ཐ་དད་པ་བསམ་གྱིས་མི་ཁྱབ་པའི་འཛམ་པའི་གླིང་ཐ་དད་པབྱེ་བ་བསམ་གྱིས་མི་ཁྱབ་པའི་འཇིག་རྟེན་དྲུག་གི་ཕྱོགས་བཅུ་དང་བཅས་པ་མཐའ་ཡས་པར་འཇིག་རྗེན་གྱི་སྒྲོན་མ་བྱེ་བ
112b3 མཐའ་ཡས་པ་རེ་ཤར་བ་དེ་དག་ཀྱང་འཁོར་བཟོག་མ་ཐ་མ་མེད་པ་ནས་བརྗོད་ཀྱིས་མི་ལང་བའི་ཁམས་སུ་བསྐལ་པ་ཐོག་མ་ཐ་མ་མེད་པ་བརྗོད་ཀྱིས་མི་ལང་བའི་སྐབས་ལ་རྟག་པར་རྒྱུན་གྱི་ཁོར་མོར་འབྱུང་ཞིང་སྒྲོན་མའི་བྱ་བས་ལྷ་མིའི་འཇིག་རྟེན་གྱི་མུན་པ་བྱས་པ
112b4 ནས་སེམས་ཀྱི་དཀྱིལ་འཁོར་གསལ་བར་བྱས་ཏེ། ཉི་ཟླའི་དཀྱིལ་འཁོར་ནུབ་པ་ལྟར་ཡོངས་སུ་མྱ་ངན་འདའ་ཞེས་ཐམས་ཅད་ནས་ཐམས་ཅད་དུ་ཡོངས་སུ་གྲགས་ཤིང་རྣམ་པར་སྣང་ངོ་།། སངས་རྒྱས་ཀུན་གྱི་དགོངས་པ་འདུས་པའི་མདོ་ཆེན་པོ་ལས་ཐུན་མོང
112b5 བཅའ་གཞིའི་ལེའུ་སྟེ་དང་པོའོ།། ། དེ་ནས་ཇི་ལྟར་དེ་ལྟར་འདི་སྦྱར་མི་མཇེད་ཅེས་བྱ་བའི་འཇིག་རྟེན་གྱི་ཁམས་ན་བཞུགས་པའི་སྟོན་པ་རྡོ་རྗེ་ཐུབ་པའི་དབང་པོ་དེ་སྐྱེ་དགུའི་ཚེ་ལོ་བརྒྱ་པ་ལ་བྱུང་སྟེ། ཡུན་ཧ་ཅང་མི་རིང་བ་ཞིག་བཞུགས་ཏེ་ཡོངས་སུ
112b6 མྱ་ངན་ལས་འདས་པར་དགོངས་ནས་ཡུལ་ཡངས་པ་ཅན་ཞེས་བྱ་བར་འཁོར་མང་པོ་དང་ཐབས་ཅིག་ཏུ་བཞུགས་པར་དབྱར་གྱི་ངོ་བོ་གསུམ་འདས་ནས་འཇིག་རྟེན་གྱི་སློབ་མ་ལ་གདུམས་ངག་གསུམ་གཞག་པའི་སླད་དུ་འཁོར་འདས་པ་རྣམས་ཀྱི་ནང་ན་རྫུ་འཕྲུལ
112b7 ཚོརང་སྤྱོད་ལ་བཀའ་སྩལ་པ། རྫུ་འཕྲུལ་ཅན་ཁྱེད་དེ་ལ་འཇིག་རྟེན་དྲུག་གི་ཕྱོགས་བཏུན་ངའི་སློབ་མ་གང་དག་འཁོད་པ་འདི་བར་ཕྱོགས་པ་དག་གང་ཇི་སྙེད་པ་རྣམས་སྡུས་ཤིག། ངེས་པར་གཞག་པར་བྱ་བ་དག་ཡོད་དོ་ཞེས་གསུངས་པ་དང་། རྫུ་འཕྲུལ
iiif viewer powered by OpenSeadragon
112a - 113a