| | e-texts navigator
|
111a1 འབྲང་བ་ཤིང་ཁམས་དཔལ་དང་ལྡན་པ་ཞེས་བྱ་བ་ངན་པ་ཟའི་ཕུང་པོ་རྣམ་པར་བཀོད་ང་ནུ་བིནྡྷ་ནྱ་འོད་མཚོ་བ་ཞེས་བྱ་འ་འ་བོ་ལ་སྐྱེས་བུ་ཆེན་པོ་རྡོན་རིན་ཆེན་ཞེས་ཕྲ་བར་བྱང་ཆུབ་སེམས་དཔའ་བྲེ་བ་གྲགས་ཡའི་འཁོར་དང་བཅས་ཏེ། སེམས་ཀྱི
111a2 དཀྱིལ་འཁོར་འོད་གསལ་བ་གསང་སྔགས་ཀྱི་ངོ་བོ་དེ་ཉིད་རང་གི་སྟོན་པ་ལ་ཉན་ཅིང་རང་གི་ཉེ་འཁོར་ལ་དེ་བཞིན་སྟོན་ཏེ། ཡོངས་སུ་འདས་ནས་ཀྱང་ཇི་བཞིན་པར་བསྐྱེད་པའི་སྒོ་ནས་དེ་རྣམ་པར་འགྲོ་བར་བྱེད་དོ།། སངས་རྒྱས་འོད་དཔག་མེད་ཀྱི་ཞིང་ཁམས་པདྨ་ཅན་ཞེས་བྱ
111a3 བ་པདྨོ་མཛེས་པར་བཀོད་པ་ན། པདྨའི་ཕུང་པོའི་རི་བོ་ལ་སྐྱེས་བུ་ཆེན་པོ་ཆོས་ཀྱི་སྤྲིན་ཞེས་བྱ་བར་བྱང་ཆུབ་སེམས་དཔའ་བྱེ་བ་བྲག་ས་ཡའི་འཁོར་དང་བཅས་ཏེ། སེམས་ཀྱི་དཀྱིལ་འཁོར་འོད་གསལ་བ་གསང་སྔགས་ཀྱི་ངོ་བོ་དེ་ཉིད་རང་གི་སྟོན་པ་ལ་ཉན་ཅིང་རང་གི་ཉེ
111a4 འཁོར་ལ་དེ་བཞིན་སྐྱོན་ཏེ། ཡོངས་སུ་འདས་ནས་ཀྱང་དེ་ལྟ་བར་བསྙད་པའི་སྒོ་ནས་དེ་རྣམ་པར་བགྲོ་བར་བྱེད་དོ།། སངས་རྒྱས་གདོན་མི་ཟ་བར་གྲུབ་པའི་ཞིང་ཁམས་རྣམ་པར་དག་པ་ཞེས་བྱ་བ་ཨིན་དྲ་ནཱི་ལའི་དྲ་བས་བརྐུན་པ་ན་རིན་པོ་ཆེ་སྣ་ཚོགས་བཀོད་པའི་སྤོ་ཞེས་བྱ་བའི
111a5 རི་བོ་ལ་སྐྱེས་བུ་ཆེན་པོ་རྡོ་རྗེ་ལས་ཞེས་བྱ་བར་བྱང་ཆུབ་སེམས་དཔའ་ཕྱི་ཕྲོགས་ཡའི་འཁོར་དང་བཅས་ཏེ། སེམས་ཀྱི་དཀྱིལ་འཁོར་འོད་གསལ་བ་གསང་སྔགས་ཀྱི་ངོ་བོ་དེ་ཉིད་རང་གི་སྟོན་པ་ལ་ཉན་ཅིང་རང་གི་ཉེ་འཁོར་ལ་དེ་བཞིན་སྟོན་ཏེ། ཡོངས་སུ་འདས་ནས
111a6 ཀྱང་མ་ནོར་པར་བརྟགས་པའི་སྒོ་ནས་དེ་རྣམ་པར་བགྲོ་བར་བྱེད་དོ།། སངས་རྒྱས་རྣམ་པར་སྣང་མཛད་ཀྱི་ཞིང་ཁམས་བྱང་ཆུབ་ཀྱི་སྙིང་པོ་ཅན་ཞེས་བྱ་བ་སེམས་སྣ་ཚོགས་ཀྱིས་བརྒྱན་པ་ན་ཆོས་ཀྱིས་མཐོ་བ་ཞེས་བྱ་བའི་རི་བོ་ལ་སྐྱེས་བུ་ཆེན་པོ་རྡོ་རྗེ་འཛིན་པ་ཞེས་བྱ་བར
111a7 བྱང་ཆུབ་སེམས་དཔའ་བྱེ་བ་ཕྲགས་པའི་འཁོར་དང་བཅས་ཏེ། སེམས་ཀྱི་རོང་བཞིན་འོད་གསལ་བ་གསང་སྔགས་ཀྱི་ངོ་བོ་དེ་ཉིད་རིང་གི་སྟོན་པ་ལ་ཉན་ཅིང་རང་གི་ཉེ་འཁོར་ལ་དེ་བཞིན་སྟོན་ཏེ། ཡོངས་སུ་འདས་ནས་ཀྱང་དེ་ཁོ་ན་ཉིད་དུ་ངེས་པའི་སྒོ་ནས་དེ་རྣམ་པར་བཟོ་བར
iiif viewer powered by OpenSeadragon
110b - 111b