| | e-texts navigator
|
109a1 ཀྱིས་བརྒྱན་ཏེ་སྦྱིན་པར་བྱ།། དོན་རྣམས་གྲུབ་པའི་བུ་མཆོགད།། རྡོ་རྗེ་དབང་མཆོག་ཐོབ་པ་ན།། ཞིང་ཁམས་ཀུན་དུ་གྲགས་པ་ཡི།། རྩལ་གྱི་ཐིག་ལེ་རྡོ་རྗེ་སྦྱིན།། ནང་དུ་འཇུག་པའི་དབང་ཐོབ་ནས།། དེ་དག་གླན་ལྔ་སྟོད་སྲུབ
109a2 པའི།། དབང་མཆོག་དམ་པོ་སྦྱིན་པར་བྱ།། སྐྱེ་མེད་ཆོས་ཀྱི་དབྱིངས་ཉིད་ལ།། སེམས་ཀྱིས་དབང་བསྐུར་ཐོབ་པ་ཡི།། ཤེས་རབ་ཆེན་པོ་རིག་པའི་དབང་།། སེམས་ལོན་དོན་གྱི་གཏན་ཚོགས་སྦྱིན།། བྱ་བའི་མཚན་མ་ཀུན་བྲལ་ཞིང་།།
109a3 མེད་གནས་པའི་བྱང་ཆུབ་སེམས།། སྙིང་རྗེ་ཆེན་པོ་བདེ་མཆོག་གིས།། ཁམས་གསུམ་ཀུན་ལ་དབང་སྒྱུར་སྤྲིན།། སྲིད་གསུམ་འགྲོ་བའི་དོན་རྣམས་ཀུན།། ཐམས་ཅད་རྫོགས་པར་ནུས་པ་ཡི།། རྟགས་ཀྱི་དབང་མཆོག་དམ་པ་ནི།། ཐོང་གཤོལ
109a4 འབར་བ་སྦྱིན་པར་བྱེད།། དུག་གསུམ་གཏིང་ནས་སྤགས་པ་ཡི།། རྟགས་ཆེན་གཝ་རྣམ་པ་གསུམ།། དེ་མར་ཆེན་དག་གིས་བཀང་ནས་ཀྱང་།། དབང་ཆེན་ཐོབ་དེའི་ལག་ཏུ་སྦྱིན།། སྲིད་གསུམ་སྒྲོལ་བ་བྱ་བ་ཡི།། དབང་མཆོག་ཆེན་པོ་སྦྱིན་པའི་ཕྱིར།། ཀ
109a5 ཏར་ལ་སོགས་མཚོན་ཆ་རྣམས།། དབང་ཐོབ་དེ་ཡི་ལག་ཏུ་སྦྱིན།། འཁོར་བའི་ཆོས་ལ་ཅིར་སྤྲད་ཀྱང་།། སྐྱོན་གྱིས་གོས་པར་མི་འགྱུར་བའི།། རྟགས་ཀྱི་ཕྱག་རྒྱ་ཆེན་པོ་ནི།། རྣམ་དག་རྫས་ཀྱི་པདྨ་སྤྲིན།། ལས་རྣམས་རྫོགས་པར་གྱུར་པཱ་ཡི།། དབང
109a6 མཆོག་ཐོབ་པའི་རྟགས་ཆེན་ནི།། སྟེརའི་དབྱུག་པ་ཆེན་པོ་དག། དབང་ཐོ་བ་དཱ་ཡི་ལག་ཏུ་སྦྱིན།། ཡུ་མ་དང་གཉིས་མེད་འཁྲིལ་བ་ཡི།། ཆོས་ཉིད་དོན་དང་གཉིས་མེད་རྟགས།། སྠ་ཐཱག་འཁྲིལ་པའི་ཕྱིན་པོ་འདི།། དབང་ཐོབ་དེ་ཡི་ལག་ཏུ་སྦྱིན།། གས
109a7 བསྦྱོར་བའི་ཤེས་རབ་མ།། དྲི་མེད་རྣམ་དག་ལྷ་མོ་ཞིང་།། མཚན་ལྡན་ཤིན་ཏུ་བརྒྱན་བྱིས་ལ།། དབང་ཐོབ་དེ་ལ་སྦྱིན་པར་བྱ།། དབང་ཐོབ་རྒྱལ་པོ་ཆེན་པོ་དེ།། ཀུན་གྱི་བདག་པོ་ཡིན་པས་ན།། རོལ་མ་དྲི་དང་ཞལ་ཟས་དང་།། འདོད་ཡོན་ལྔ་ལ་སོགས།
iiif viewer powered by OpenSeadragon
108b - 109b