| | e-texts navigator
|
108a1 མཏོག་ཕྲར་ལ་སོགས།། དབང་མཆོག་བརྗེད་པའི་རྒྱན་གྱིས་བཀླུབས།། དགྲ་རྒན་ད་ཤ་ལ་སམ་དོ།། དཔྱ་གྱེན་རྐང་གརྔུབ་ལག་གདུང་རྣམས།། དབང་པོ་བརྒལ་པོས་དེ་ལ་སྦྱིན།། དབྱང་ཐོབ་མཛེས་པས་བརྗོད་པར
108a2 རྒྱལ་པོ་དེ།། དབང་ཕྱུག་ཡིན་པས་དེ་ལ་ཀུན་ཕྱག་འཚལ།། རྡོ་རྗེ་དབང་ཕྱུག་རྒྱལ་པོའོ་ཞེས་པར་ནི།། ཀུན་གྱིས་སྒྲ་ཆེན་པོད་ཅིང་བསྲུག་པར་བྱ།། གསེར་གྱི་འཁོར་ལོ་རྩིབས་ཁྲུད་ལྡན་པ་ཞིག། རྒྱལ་པོ་དེ་ཡི་ལག་ཏུ་བསྐུར་ནས་ནི།། རང་།
108a3 རྟེན་ཀུན་ལ་ཁ་ལོ་སྦྱར་བ་ཡི།། དབང་མཆོག་རྒྱལ་པོ་འདི་ཡང་སྦྱིན་པར་བྱ།། ཕྱི་འཁོར་སྤོང་བའི་རྒྱལ་པོར་གྱུར་ཕན་ཆད།། བླ་མེད་མཆོག་གི་རྟགས་དང་ལྡན་འགྱུར་བས།། གསང་སྒོ་ཕྱི་ནུས་ནང་དུ་གཞུག་པར་བྱ།། ཤིན་ཏུ
108a4 གསང་བའི་རྫས་དང་ལྡན་གྱུར་ནས།། གསང་སྒོ་གང་ལས་འདོད་པའི་དོན་རྣམས་ཞུ།། གནང་ཆེན་པོ་ཡི་རྟགས་སུ་བྱིན་གྱིས་བརླབས།། གསང་བའི་དོན་ལ་ཉན་ཅིང་སློབ་པའི་དབང་།། དབང་ཐོབ་སྐལ་ཅན་དེ་ལ་སྦྱིན་པར་བྱ།། བདུད་རྩི
108a5 ཆུ་འདིས་རྣ་བའི་གསེང་སྒྲོ་དབྱེ།། སརྦ་ཏ་ཐཱ་ག་ཏ་སྟ་མ་ཏཱི་ཧོ།། གླེགས་བམ་ཟབ་མོ་ལ་སོགས་ཐམས་ཅད་རྣམས།། རིགས་ཀྱི་བྷ་མཆོག་དེ་ལ་སྦྱིན་པར་བྱ།། དེས་ནི་འགྲོ་བའི་དོན་བྱེད་ནུས་པས་ན།། ལས་རྣམས་རྒྱ་མཚོ་ཐམས་ཅད
108a6 སྒྲུབ་པའི་རྟགས།། རྡོ་རྗེ་རྗེ་གྲམ་ལ་སོགས་རྣམ་བཞིའི་རྫས།། བུ་མཆོག་དེ་ལ་ཐབས་ཀྱིས་སྦྱིན་པར་བྱ།། གཞན་གྱི་འདོན་སོང་བའི་བུ་མཆོག་དེ།། རྒྱལ་པོ་ཀྱྀལ་རིགས་རྒྱུད་དུ་བྱུང་བ་བཞིར།། གྲུལ་ཟེབ་རྗེས་ཀྱི་ཆུང་ངུ་བྱུང་བས
108a7 ནི།། ཏནྡ་ལ་སོགས་དམ་པའི་མཛད་གསུམ་སྦྱིན།། དེས་ནི་སློབ་མའི་ཚོགས་ཀུན་སྤྱོད་དུས་ཕྱིར།། བསྟན་པ་སྒྲོགས་པའི་ས་ལ་གནས་བྱའི་ཕྱིར།། རྡོ་རྗེ་རྒྱལ་པོ་དཔལ་གྱི་དབང་མཆོག་འདི།། ཐེག་ཚོན་དབུ་ཡེ་རྟག་སེ
iiif viewer powered by OpenSeadragon
107b - 108b