e-texts navigator
Collection
Volume
Page
Wylie

107b1 དབང་གི་ལེའུ་འདི་གསུངས་སོ།། འདུས་པ་ཆེན་པོའི་རྣལ་འབྱོར་པ།། སྲེད་པ་གསུམ་གྱིས་ཕྱག་བྱས་པས།། བླ་མའི་ས་ལ་གནས་པ་ནི།། གསང་མཆོག་སུམ་ཅུ་རྩ་དྲུག་ཡིན།། ཕྱི་ཡི་དབང་དང་ནང་གི་དབང་།། བསྒྲུབ་པའི
107b2 དབང་དང་གསང་བའི་དབང་།། བཅུ་དང་བཅུ་གཅིག་བཅུ་གསུམ་དང་།། རྣམ་པ་གཉིས་ཀྱིས་རྫོགས་པར་འགྱུར།། དེ་ལ་དང་པོ་སྦྱིན་པའི་དབང་འདི་ཡིན་ཏེ།། ཨོཾ་དྷྭཾ་ས་ཧྲཱིཿཧ།། ཀུན་གྱིས་འདྲའ་བང་དཀའ་བ་ཡི།། ཚིག་བཙུན
107b3 ཡུལ་ལ་དབང་སྦྱར་བ།། རྒྱལ་པོ་བཀའ་རྟགས་ཕྱག་ཅའི་དབང་།། སྐུ་ལ་ཡོངས་སུ་ཚོགས་པར་འགྱུར།། རིགས་རྣམས་ས་སོར་རྒྱུད་འཛིན་ཅིང་།། རྟགས་ཀྱི་མཚན་མ་ཆེན་པོ་ནི།། སྤྱོར་བ་ཆེན་པོའི་ཕྱག་མཚན་ཏེ།། དམཆི
107b4 སུག་ཏུ་རྫོགས་པར་འགྱུར།། ཤེས་རབ་གཟུངས་ཀྱི་གསུང་མཆོག་ནི།། དེ་ནི་དང་ལྡན་པར་གྱུར་པ་ལི།། མཐའ་གཉིས་དག་ཏུ་མི་གཏོང་བའི།། གཟུངས་མའི་རྒྱལ་མོ་ཆེན་མོ་ཡིན།། གཉིས་མོད་ཡོངས་སུ་རྫོགས་པ་ན།། ཐམས་ཅད
107b5 བདེ་བ་ཆེན་པོའི་ངང་།། བྱང་ཆུབ་སེམས་དང་དོན་དུ་འབྲེལ།། ཤེས་རབ་ཆེན་པ་རྫོགས་པའི་དབང་།། བཀྲ་ཤིས་ཆེན་པོ་རྔམ་པ་ནི།། བདེ་གཤེགས་བཞུགས་པའི་ཕོ་བྲང་སྟེ།། དཀྱིལ་འཁོར་རྫོགས་པར་གྱུར་པ་ཡི།། དབང
107b6 དེ་ལ་སྨིན་པར་བྱ།། གསང་བའི་བསྟན་པ་རྒྱས་ནས་ནི།། ཡུན་རིང་གནས་པར་འགྱུར་བ་ཡི།། བཀྲ་ཤྲིས་རྫས་ཀྱི་དབང་མཆོག་ཀྱང་།། གནང་བ་ཆེན་པོ་སྦྱིན་པར་བྱ། དོན་རྣམས་གྲུབ་པར་འགྱུར་བ་ཡི།། འདོད་དགུར་རེ་སྐོར་རིན་པ
107b7 རྩེ།། རྒྱལ་སྲིད་རིན་ཆེན་སྣ་བདུན་གྱིས།། རྒྱལ་པོ་མཆོག་ཏུ་དབང་བསྐུར་རོ།། རིན་ཆེན་པདྨ་སེང་གེའི་ཝཾ།། ཟླ་པར་གྱུར་པའི་གདན་མཆོག་དེ།། ཁྱད་པར་ཆེན་པོར་ཐར་པའི་དབང་།། ཁྲི་མེད་དགལ་བཞག་པར་བྱ།། ང་བ




iiif viewer powered by OpenSeadragon

107a - 108a

Texts on this page

Gdg007.1 - de bzhin gshegs pa thams cad kyi thugs gsang ba'i ye shes don gyi snying po khro bo rdo rje'i rigs kun 'dus rig pa'i mdo rnal 'byor grub pa'i rgyud ces bya ba theg pa chen po'i mdo