| | e-texts navigator
|
104b1 འཁོར་ནས།། རྭ་ལུ་འོད་ཟེར་སྒོ་ཕྱེ་བས།། སྨྱོས་པས་ཆོ་འཕྲུལ་སྣ་ཚོགས་འབྱུང་།། སྲིད་པ་གསུམ་གྱི་བྱེ་བྲག་ཕྱེད།། འཁོར་བའི་རྒྱ་མཚོ་གཏིང་ནས་སྐེམས།། ཉོན་མོངས་རྒྱུ་དྲུག་གནས་ནས་སྒྲོལ།། དུག་གསམ་རྫབ་སྲང་ནས་གཅད།། བདུད་དང་སྦྱིན་པོ་གདུག་པ་འ
104b2 བྱིན་བརླབས་དངོས་གྲུབ་ཆར་ལྟར་འབེབས།། ཇི་ལྟར་དབང་པོའི་སྒོ་ཕྱེ་ནས།། འཛུམ་མདངས་གསལ་བར་འབྱུང་བ་ལྟར།། དཔལ་བེའུ་ཐུགས་ཀྱི་སྒོ། བས།། ཆུ་མྦུའི་འོད་ཟེར་ཡིག་འབྲུ་ཤར།། མཐིང་ནག་སེར་ནག་དམར་ནག་ལྗང་།། སྡུག་ནག་འབེར་བའི་ལག་འབྲུ་རྣམས།།
104b3 ཡི་གེ་རིགས་ཀྱི་ཕྲེང་བར་དྲང་།། རྒྱངས་ཀྱིས་བསྐུལ་དང་དཀར་གྱིས་དབབ།། བསྟེན་ཀོས་ཉེ་བར་གྱུར་པ་ལ།། འཇིམ་གོས་མངོན་སུམ་གསལ་བར་བྱ།། འབིར་ཀླས་གཉིས་སུ་མེད་པ་ལ།། འདྲེན་ཀོས་ཡི་གེའི་ཕྲེང་བ་དྲང་།། དེ་ཉིད་ལ་ནི་གླུ་དྲུག་སྟེ།། ཤ་ཏ་པ་དང་གར་ཏ་པ།། ཅང
104b4 གར་ཏ་པ་ཡི་གླུ་བླངས་པས།། གནོད་བྱེད་ཐམས་ཅད་རྡུལ་དུ་རློག། ཅང་ཀ་དེའུ་ཡི་གླུ་བླངས་པས།། འབར་བའི་དཀྱིལ་འཁོར་མེ་ལྟར་མཆོད།། བད་ཀ་དེའུ་ཡི་གྲུ་བླངས་པས།། དྲག་པོ་གཏུམ་པོ་ལྷན་ནེར་འགྱུར།། བྲྀང་ངེ་བ་ཡི་གླུ་བླངས་པས།། སྤྲུལ་པའི་ཆོ་འཕྲུལ
104b5 ཐམས་ཅད་འགྱེད།། དུང་དེ་བ་ཡི་གྲུ་བླངས་པསྡུ།། སྲིད་པའི་བུ་མོ་དབང་དུ་སྡུད།། ཡི་གེ་འབྲུ་དགུའི་རང་བཞིན་ལ།། ཕྱག་ཆའི་དཀྱིལ་འཁོར་ཐམས་ཅད་རྫོགས།། དེ་བཞིན་འཁོར་ལོ་མུ་ཁྱུད་བཅས།། ཁྱམས་དང་སྒོ་ཁྱུད་གསལ་བའོ།། སྲིད་པ་མཐོང་ཡོད
104b6 སྡང་གྲགས་ཀྱང་།། ཐམས་ཅད་སྔགས་ཀྱི་ཚིག་ཏུ་རྫོགས།། ཡི་གེ་རྒྱལ་བཀུན་དང་འབྲེལ།། འཁོར་ལོའི་ས་ལ་ཉེ་བའོ།། ཡི་གེས་དམིགས་པ་ཐམས་ཅད་འབྲུབ།། ཆགས་མེད་ལྷུན་གྲུབ་དོན་པོ་ཆེ།། རྣམ་བཞི་ལས་ཀྱི་ཁྱད་པར་ཡང་།། བྱ་བ
iiif viewer powered by OpenSeadragon
104a - 105a