| | e-texts navigator
|
103b1 ལ་བཞེངས་ནས་ནི།། ཕྱོགས་མཚམས་ཀུན་དུ་བལྟས་བྱས་ནས།། ཤིན་ཏུ་འགྱད་ཞིང་བརྗིད་པར་བྱེད།། ཨ་དང་མ་ཡི་འབྲུ་རྣམས་ནི།། སོ་སོར་བརྡབས་ནས་དཀུར་བརྟེན་བྱ།། འགྱིང་བའི་ཚུལ་གྱིས་སྦྱང་བྱས་ནས།། སྟག་གི་སྟབས་ཀྱིས་ཀུན་དུ་བསྐོར།། དེ་ནས་རྒྱུན་བྱ་སྟབས་ཀྱིས
103b2 ནི།། གོང་མ་བཞིན་དུ་བསྐོར་བར་བྱ།། དེ་བཞིན་དུས་སྦལ་གཟིག་དང་སྟག། སྦྱང་ཀི་སེང་གེ་དོམ་སྐབས་དང་།། ཕག་ཆེན་དྲོད་ཀྱི་སྟབས་ཀྱིས་ནི།། ཐམས་ཅད་ཐམས་ཅད་བསྐོར་བར་བྱ།། དེ་བཞིན་འདོབ་ཆགས་ཐམས་ཅད་ཀྱིས།། འཇོ་ཚུལ་སྟབས་རྣམས་རྫོགས་བྱས་ནས།
103b3 དཀྱིལ་འཁོར་ཐམས་ཅད་རྫོགས་པར་འགྱུར།། ཞེས་གསུངས་སོ།། རྒྱུད་ཀྱི་རྒྱལ་པོ་ཆེན་པོ་རྡོ་རྗེ་བཀོད་པ་ཀུན་འདུས་རིག་པའི་མདོ་ལས་སྦྱར་བ་ཕྱག་རྒྱའི་ལེའུ་སྟེ་ཉི་ཤུ་རྩ་བརྒྱད་པའོ།། །། དེ་ནས་སེམས་དཔའི་རྡོ་རྗེ་དེས་མཆོད་པ་དམ་པ་གསང་བའི་ལེའུ་འདི་གསུངས་སོ།། ཧཱུཾ
103b4 འབྱུང་བ་ཆེན་པོ་ནམ་མཁའ་ནི།། འབྱུང་བ་ཆེན་པོ་ལྔ་ཡི་མཛོད།། ནམ་མཁའ་ལས་ནི་འདོད་པ་འབྱུང་།། འདོད་པའི་མཆོད་པ་འབྱུང་གྱུར་ཅིག། ཟླ་རྒྱས་ལ་སོགས་སྙིང་པོ་མཆོག། མི་ས་ལ་སོགས་རྣམ་ལྔའི་རྫས།། མེ་ཏོག་ལ་སོགས་ཙནྡན་ཕྲེང་།། སྣ་ཚོགས་མཆོད་པ་འབྱུང་གྱུར
103b5 ཅིག། མི་མོ་རྣམས་ཀྱི་ངག་བྱ་མཆོག། འཁྲིལ་འཁྱུད་སྦྱར་བའི་གཟུངས་ཆེན་མ།། དབང་པོ་སྤྱོད་པའི་དགྱེས་མཆོད་དེ།། བདེ་བའི་མཆོད་པས་ཚིམ་གྱུར་ཅིག། རྡོ་རྗེ་རོལ་པས་ཚོགས་མཆོག་འདི།། མཆོད་སྤྲིན་ཀུན་དུ་རྒྱས་གྱུར་ཅིག། དུག་གསུམ་བརྩིགས་པའི་རི་བོ་འདི།། སྐུ
103b6 གསུང་ཐུགས་ཀྱི་ཀློང་དུ་བསྒྲུབས།། དུག་ལྔ་རོལ་པའི་ཚེགས་མཆོག་འདི།། ཡེ་ཤེས་ལྔ་ཡི་ནང་དུ་ཐིམ།། གཟུང་འཛིན་རྟོག་པའི་མཚན་མ་འདི།། དབྱངས་དང་ཡེ་ཤེས་ཀློང་དུ་ཐིམ།། འཁོར་བ་མཚན་མའི་ཆོས་ཅན་འདི།། ཆོས་ཉིད་དབྱིངས་ཀྱི་ངང་དུ་ཐིམ།། ཕུང་པོ་ཚིགས་ཀྱི་ཡན
103b7 ལག་འདི།། རྣམ་གྲོལ་ཕུང་པོ་ལྔ་རུ་ཐིམ།། འབྱུང་ཆེན་རྒྱ་ཡི་མཚན་མ་འདི།། མཁའ་ཀློར་འབར་དེ་ལྔ་རུ་ཐིམ།། རོལ་པ་ཆེན་པོ་མཆོད་སྦྱིན་ལ།། རྒྱལ་བ་རྒྱ་མཚོའི་ཚོགས་རྣམས་རོལ།། བླ་མེད་སྟན་འགན་མཆོད་པ་འདི།། སྔོན་ཚད་རྒྱལ་བས་བགྲོད་པའི་ལམ།། དུག་གསུམ་ག
iiif viewer powered by OpenSeadragon
103a - 104a