e-texts navigator
Collection
Volume
Page
Wylie

101b1 བཅུགསས་བྱས་ནས་།། གནས་གནས་དག་བྱུང་བ་དབར་བྱ།། ཁམས་དང་རྣམ་ན་ཕུར་པོས།། གཟང་འདིན་མྱིང་དུ་བདུས་པ་རྣམས།། དདུ་མི་ན་མ་དུ་ཐོས་ནམཿ།། དརྣམས་ཁྱད་པ་དང་ག་བ་\ུ0f7f།། དེནནར་མ་ཐང་བད།། ན་ན་ཐོགསས་མ་བྱུགས་པ་པ།
101b2 སྟེང་དུ་མ་ཁས་པས་གཞག་པར་བྱ།། ཐད་ཀྱི་ཆོ་ག་བརྩམ་པ་ནི།། མཎྜལ་འཁོར་ཁྱུད་ཙམ་ཞིག་ལ།། དཀྱིལ་འཁོར་གང་དང་གང་ཡིན་པའི།། ཕྱག་རྒྱ་བཟླུགས་པའི་ཕོ་བྲང་དག། ཐིག་གིས་ཡུལ་གཙང་སོ་སོར་བྱ།། དེ་ཡི་སྟེང་དུ་ཤིང་བརྩིགས་པ།། དབྱིང
101b3 ནི་བླ་བཞི་གཏམས་པ་ལ།། ཟུར་བཞི་ཀ་བ་བཞིས་བརྟན་བྱ།། སུམ་བརྩེགས་ཡང་ཐོབ་པར་ཁང་བཅས།། མཐའ་མ་ཤིང་གིས་བརྡུང་བར་བྱ།། བར་ཁང་དག་གི་གླེགས་མ་ལ།། རོ་ཡི་བཞིན་ཕྱོགས་ཤར་དུ་བསྟན།། རོ་ཡི་སྟེང་གི་ཁང་པ་ལ།། རས་ས་མ་ཤོག
101b4 ཤོག་ལ་བྲིས་པའི།། ཕྱག་རྒྱའི་དཀྱིལ་འཁོར་གསལ་བར་དགོད།། རོ་ཁང་གློ་སྐར་བཞི་ཕྱེ་ལ།། ཐུགས་རྗེ་གཟུངས་ཐག་བཞིས་བཏགས་ནས།། ཕྱོགས་བཞི་བླམ་བཞི་ལྔ་དབུལ།། ཤིང་གི་ཆོ་ག་རྫོགས་པ་དང་།། ཤིང་གི་ཕྱི་མཐའ་སྟེགས་བུ་ལ།། ཕྱག
101b5 རྒྱའི་ལྷ་རྣམས་རིམ་པར་དགོད།། སྟེགས་བུ་རྫོགས་པར་གྱུར་པ་དང་།། རྡོ་རྗེ་ལས་ཀྱི་སྐོས་གདབ་པ།། རྡོ་རྗེ་རྒྱལ་པོ་བླ་མ་ལ།། འཁོར་བ་བསྲེག་པའི་མདའ་གསོལ་ཏེ།། ཏིང་འཛིན་ཡེ་ཤེས་རྩེ་གཅིག་པས།། མེ་ཡི་འདུ་འཕྲོ་རྒྱུན་དུ་བྱ།། རྡོ་རྗེ་ལས་ཀྱི་ཀརྨ་ལ།།
101b6 ལས་རྣམས་རྫོགས་པའི་མངའ་གསོལ་ཏེ།། ལས་ཀྱི་ཕྲེང་བ་རྫོགས་པར་བྱ།། རྡོ་རྗེ་ཆེན་པོའི་བླ་མ་ཞིག། རོ་ཡི་ཉེས་པའི་མཐའ་བཟུང་ནས།། ལས་ཅི་བསགས་པ་བགྲང་ཞིང་བཤགས།། རྡོ་རྗེ་སྐབས་སྦྱོར་བླ་མ་ཡིས།། བདུད་རྩི་སྐབས་ཀྱི་མཆོད་པ་སྦྲེང་།།
101b7 བྲོགང་གླུ་ཚིག་གིས།། སྐབས་ཀྱི་གླུ་གར་མཆོད་པ་དག། པོར་མོས་དྲངས་ཏེ་དབུལ་བར་བྱ།། རྡོ་རྗེ་གནས་ཀྱི་སྨོན་ལམ་ནི།། སྐབས་དང་ལས་ཀྱི་མཇུག་ཏུ་གདབ།། རྡོ་རྗེ་ལས་ཀྱི་ལྷར་འཛིན་པས།། རྩ་བརྒྱད་ལས་ཀྱིས་གྲངས་བཟུང་སྟེ།། དཀར་བྱེད་བླ་མའི་ཕྱིང




iiif viewer powered by OpenSeadragon

101a - 102a

Texts on this page

Gdg007.1 - de bzhin gshegs pa thams cad kyi thugs gsang ba'i ye shes don gyi snying po khro bo rdo rje'i rigs kun 'dus rig pa'i mdo rnal 'byor grub pa'i rgyud ces bya ba theg pa chen po'i mdo