e-texts navigator
Collection
Volume
Page
Wylie

89a1 ལམ་རྣམས་ཐམས་ཅད་པ་སྣང་བྱུང་།། ཐིག་པ་ཉིད་པས་སྦྲང་དུ་མེད།། འདོད་ཆགས་པ་སྔང་གཏི་མུག་རྡུང་།། སྤང་དུ་མེད་པས་བདག་གི་ནུ།། གཏི་མུག་མེད་པས་བས་མ་དུ་མེད།། རྣམ་གྲངས་མེད་པས་དབྱིངས་ཉིད་ཀློང་།། གཟུགས་རྣམས་མེད་པས་ཀྱང་རུ་དྷ།
89a2 དྲེག་ལྕེ་མེད་པས་ཡེ་ནས་དམ་ཚིག་པས།། དེ་མཆོག་མིང་དུ་བཏགས་པ་མེད།། འཆི་བ་མེད་པས་བདུད་རྩིའི་དབྱིངས།། ཁྱད་པར་ཉིད་ལས་ཡེ་ཤེས་ཆེ།། རི་རབ་རྩེ་ལ་ཉི་མ་སྟོར་ཤར་བས།། ཡེ་ཤེས་ཐུགས་ཀྱི་ཉི་མ་གཅིག་ཤར་རྡོ།། ཤར་བཏིང་ནས་ནུབ་པ་མེད།།
89a3 བསྒོམ་པ་ཉིད་ནས་བསྒོམ་དུ་མེད།། བསྒོམ་པའི་དམིགས་པ་མེད་པའོ།། བསྒྲུབས་པས་གཞན་ནས་ཆོས་མི་རྙེད།། རྡོ་རྗེ་ཆེན་འབར་བལྟར།། ཐམས་ཅད་ཀུན་ཀྱང་དེ་བཞིན་ནོ།། འགྱུར་བ་མེད་པས་བལ་ནག་བཞིན།། འགྱུར་དུ་བཏུབ་པའང་དཀར་བཞིན།། བརྟགས
89a4 པ་བ.ལནག་ཉིད་ཀྱི་དབྱིངས།། ལྷུན་གྱིས་གནས་པས་གོ་འཕར་གཅོད།། གདོད་ནས་དག་པས་པདྨ་བཞིན།། འགྱུར་པ་མེད་པ་ཐིག་ལེ་བར།། བྱབ་མེད་པས་ཐིག་ལ་བདེ།། དུས་གསུམ་མེད་པས་ཐིག་ལེ་བདེ།། བཙལ་དུ་མེད་པས་ཐིག་ལེ་བདེ།། རྩོལ་བར་འདོད
89a5 དབྱིངས་མི་བསྐྱོད།། དྲ་བ་མེད་པས་མུ་ཁྱུད་མེད།། ཐིག་ལེ་མེད་པས་ཐིག་ཕྲན་པ་དེ།། རྩེ་རྒྱལ་རྟོགས་ན་གནས་ཆེན་བདེ།། ཐོགས་མེད་ཡོངས་སུ་སྤངས་པའི་བྷ་ག་ལ།། དབྱེར་མེད་ལྷན་རྫོགས་ཐིག་ལེའི་དབྱིངས་ཉིད་ཆེ།། སྔ་གསུང་བུགས
89a6 ཤར་མུ་ཁྱུད་འ་བྱེ་བ།། རྣམ་པར་དག་པས་བྱང་ཆུབ་ས།། འགྲོ་བའི་ལམ་ཆེན་བྱང་ཆུབ་སྐུ།། ཐིག་ལེ་ཡེ་ནས་རྡོ་རྗེ་དབྱིངས།། རྡོ་རྗེ་ཉིད་ལ་འདུ་འབྲལ་མེད།། དེ་ལས་ཐིག་ལེ་བཇལ་བའི་དབྱིངས།། བརྡ་ས་བ་ཉིད་ལ་ནུའཔ
89a7 བྱང་ཆུབ་ཀྱི་སེམས་ཀློང་ཡངས་པའི་དཀྱིལ་འཁོར་རྫོགས་སོ།། ། ནམ་མའའི་བྱེར་རོ།། ། བཅོམ་ལྡན་འདས་དཔལ་ཀུན་ཏུ་བཟང་པོ་ལ་ཕྱག་འཚལ་ལོ།། ནམ་མཁའི་རྒྱལ་པོ་ཡེ་ཤེས




iiif viewer powered by OpenSeadragon

88b - 89b

Texts on this page

Gdg006.19 - rdo rje sems dpa' nam mkha' che rgyas pa yi ge med pa'i rgyud
Gdg006.20 - rgyud kyi rgyal po gser gyi rus sbal rdo rje theg pa rtsa ba'i rgyud