| | e-texts navigator
|
87b1 དང་བསླབ་པ་དང་།། རེ་ཏ་ཀྱི་ཉིད་དུ་སྒྲུ་།། ལགས་པ་ཏེ་སྒྲ་ཆགས་པའོ།། དོན་མ་རིག་པསློབ་མ་ལ།། གྲོལ་པ་བདག་ཉིད་རིན་ཆེན་རགས།། བདག་པོ་རབ་ཏུ་མཉེས་པ་སྟེ་འ་གཉིས་པའོ།། ། ང་ནས་བདག་པོ་སཆགགས། ཡེ་ནས་ཏེ་རིག
87b2 གསུངས་པ།། ཡེ་ཤེས་མ་བསྐྱེད་དབྱིངསང་བསྐྱེད།། རང་སེམས་རང་གིས་མཐོང་བ་ནི།། མཚན་མ་ཡིན་ཏེ་དོན་དམ་མེད།། བཀག་པ་ཟ་མ་བྱུང་བར།། སེམས་བཅོས་ཐབས་ནི་དེ་ལ་རིང་།། སྤྱོད་པ་ཆོས་དབྱིངས་ཟད་མི་ཤེས།། སྡེ་སྡོང་གསུམ་ཡང་མ་བཀག་སྟེ།། ཆོས
87b3 གཅིག་ངོ་བོ་དེ་པ་མེད།། གལ་ཏེ་མཚན་མ་སྣང་བ་ལས།། ཏིང་ངེ་འཛིན་དེ་ད་ན་ནི།། མ་རིག་པ་དང་ཐར་པ་ཐོབ།། བྱང་ཆུབ་ལམ་དང་དམིགས་པ་གཉིས།། ཏིང་ངེ་འཛིན་གྱི་ཁྱད་པར་རོ།། བདེ་བར་གཤེགས་པ་ཡི་གེ་མེད་པ་ལས། ཡེ་ཤེས་རིམ་པའི་ལེའུ་སྟེ་གསུམ
87b4 པའོ།། ། དེ་ནས་བདག་པོའི་མཆོག་ལ་བདེ་བར་གཤེགས་པའི་འཁོར་གྱིས་ཞུས་པ། ཀྱེ་མ་བདེ་བ་གཤེགས་པའི་གཙོ།། དམ་པ་ཡི་གེ་མེད་པ་ནི།། ནམ་ཡང་མཁུམས་དི་རིང་ཁུམས།། དོགས་རྣམས་ཀྱང་ཆེར་གཡོས་པ།། འཁོར་ཀྱང་སྔོ
87b5 མ་ཐོས་པས་དང་ངས།། ཡི་གེ་མེད་པ་འདི་ཡི་དོན།། ཤེས་རབ་ཁྱད་པར་ཇི་ལྟར་ལགས།། གཙོ་བོ་དམ་པས་བཀའ་སྩལ་པ།། ཡི་གེ་མེད་པའི་ཤེས་རབ་ནི།། དམིགས་པ་མེད་པའི་ཤེས་རབ་སྟེ།། ཆོས་དབྱིངས་ཟད་མ་མ་བཅོས་ལ།། ཡེ་ཤེས་སྤྱི་བླུགས་སྐད་ཅེག་མས།།
87b6 རང་བྱུང་རིག་པ་དེ་ཡེ་བཅད།། དབྱིངས་དང་ཡེ་ཤེས་ངོ་ཏ་ཕྲད། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རང་བཞིན། ཡེ་ཤེས་ཡི་གེ་མེད་པའི་རྒྱུད་མཆོག་ལས། ཤེས་རབ་དམིགས་པ་མེད་པར་བསྟན་པའི་ལེའུ་སྟེ་བཞི་པའོ།། ། དེ་ནས་ཁྱད་པར་དུ་ཞུས་པ།
87b7 བརྗོད་མེད་རྣམ་པར་མེ་རྟོག་པ།། ཡི་གེ་མེད་པའི་གསུང་མཆོག་འདི།། སྒྲ་ཡི་རྣམ་པ་སྤང་སྤད་དུ།། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་འཚལ།། ཡང་ཆེད་དུ་བརྗོད་པ་བཀའ་སྩལ་པ། རང་བཞིན་གནས་པའི་ཆོས་ཉིད་དེ།། ཞེ་བབླང་དོར་བྲང་བའོ།། ཆོས་ཀྱི་རང
iiif viewer powered by OpenSeadragon
87a - 88a