| | e-texts navigator
|
86b1 འཕགས་པ་རྒྱུད་ཀྱ་དོན།། ཉིད་ཀྱིས་ཉིད་ལ་བཤད་བྱས་མཛས་མཆོག། ཡང་གཉིད་ཀྱིས་ཡང་དག་ཉང་གསུངས་པ།། ཡང་དག་ཉིད་ལ་སྣང་བའི་མཆོག་གིདོན།། རྩལ་བ་ནུབ་པ་ཁྱོད་ལ་ཟག་ཀྱང་འཚལ།། དཔའ་བ་ཟར་ལམ་སྟན་མཛངད་ཀྱང
86b2 ལ།། ཡང་ནིས་ཡང་དུ་འདུད་ཅིང་ཕྱག་ཀྱང་འཚལ།། ཨེ་མཧོར་མཛེས་ངོ་མཆོར་ཆེ་བ་འདོར།། སངས་རྒྱས་གསུངས་པ་མ་ཡིན་བདག་མེད་ཆོས།། ཆུ་འབྲས་གཉིས་ཟང་རྣམ་གྲོལ་དག་པའི་སྐུ།། ཟླ་རྒྱས་སྲུ་འདྲའི་སྐུ་ལ་འདུད་པ་རབཀྱིད།། དམ་ཆོས་བདག
86b3 རྣམ་པར་དག་པའི་ཆོས།། དཔལ་གྱི་ཐུགས་ལས་གསུང་དུ་རབ་ཏུ་བསྒྲགས་པ་ཡི།། དྲི་མེད་གསུང་མཆོག་ཁྱོད་ལ་ཕྱག་ཀྱང་འཚལ།། འདི་འཆང་ཟློག་དང་ཁ་ཏོན་སེམས་པ་ཡི།། རྒྱལ་སྲས་འཁོར་བཅས་གང་ཡང་དདི་འཛིན་པའི།། སྐལ་ལྡན་ཉག་གཅིག་དས
86b4 བཞིན་ཕྱག་འཚལ།། ད་རྗེས་བལྟ་ཞིང་དེ་བཞིན་གང་འཆང་པའོ།། མང་བས་ཐམས་པ་ལ་སངས་རྒྱས་སུ།། བས་ཞིང་བལྟ་ཞིང་དེ་བཞིན་ཕྱག་ཀྱང་འཚལ།། འདི་ལ་གང་མོས་ཁྭ་དང་ཁྱེ་ལ་སོགས།། དེ་ཡང་སངས་རྒྱས་ཉིད་དེ་ཀུན་ལས་འཕགས།། འཕགས་རྩལ་བྱེད
86b5 རྣམས་ལ་ནི་དེ་བཞིན་བཞིན་ཕྱག་འཚལ།། མཆོག་གསུམ་མཆོག་ཏུ་གྱུར་པའི་རྒྱལ་པོ་ལ།། ཁྱད་པར་བསྟོད་པ་རེ་མཛེས་དོན་དང་ལྡན།། དེ་ནས་རྒྱུད་ཀྱི་བདག་པོ་ལ་གཏད་པ།། ཆོས་འཕགས་ཆོས་རྒྱལ་བླ་མེད་སྙིང་པོ་འདི།། ཡོངས་ལ་ཁྱབ་པའི་ཁྱད་པར་མཛེས་པས་ན།།
86b6 ཐུགས་ཀྱི་གཟེར་བསྐྱེད་དམ་པ་རྣམས་ཀྱི་དོན།། ཡང་དག་བསྟན་པ་དེ་ལ་ཡེ་ནས་གནས།། སངས་རྒྱས་ས་ལ་རྟག་པར་བཞུགས་པ་ཡི།། སྨན་གྲུབ་མཆོག་ལ་འདི་ཡིས་བཞག་པར་བྱས།། བྱང་ཆུབ་སེམས་ཀྱི་གབུ་ཀློང་ཆེན་དུ།། སངས་རྒྱས་སེམས་ཅན་མ་ལུས་བསྲེལ
86b7 ཞིག། བྱང་ཆུབ་ཀྱིས་པས་རྒྱང་ཆེན་གྱི་ཆུང་ལས། བདག་པོ་ལ་བསྟོད་པ་དང་། ཆོས་ལ་བསྟོད་པ་དང་། དེ་འཛིན་པ་མཆོག་གསུམ་གྱི་ཚུཔ་དུ་སྟོ་པ་དང་། ལུང་གཏང་བའི་འདྲ་པནང་།། ལུས་རྩོད་པོ་བྱང་ཆུབ་སེམས་རྗེ་ཆེན་གྱི་རྒྱང་རྫོགས་སོ།། གླིང་དྷང་རྗེ་རང་དུ
iiif viewer powered by OpenSeadragon
86a - 87a