| | e-texts navigator
|
86a1 ཐེག་པ་ཆེནཔ་པ་འདུག་པའི་ཐབས་དང་། ཞུགས་པ་ལ་སྐྱོན་མེད་པ་དང་། བདུད་རྩི་བསྟན་པའི་ལདུས་བརྐྱརང་བའོ།། ། དེ་ནས་བཅོམ་ལྡན་འདས་དཔལ་ཀུན་ཏུ་བཟང་པོ་ཉིད་ཀྱིས་ཏེ་ལ་བརྗོད་པ། སྐྱེ་ཟ་མོས་པར་ཉན་མོངས་དེ་ཉི་ནི།། ས་མ་གྱུ
86a2 ཁྲིམས་ཡིན་པ་དང་སྨྲ་ཞིང་།། ཆོས་རྣམས་ཀུན་གྱི་དེ་བཞིན་ཉིད་ཀྱང་དེ་ཉིད་ཡིན།། གཞན་ན་མེད་དོན་ཉིད་དེ་ལྷའི་ངང་།། སེམས་ཅན་སངས་རྒྱས་གཉིས་ཀྱི་ངོ་བོ་ཉིད།། གཅིག་མིན་ཐ་དད་མིན་ཏེ་བརྟག་པར་དཀའ།། ཉོན་མོངས་ལྔ་ཉིད་བྱང་ཆུབ་ཆེན་པོའི་ལམ།། གཞན་གྱིས་མ་བསླང་དེ་ཉིད་དེ་ལྟར་ཡིན།།
86a3 ཤེས་རབ་ཐབས་མེད་ཤེས་རབ་ཐབས་བསམ་ཡས།། ཅི་འང་མ་ཡིན་ཐམས་ཅད་ཀུན་གྱི་སྐུ།། ངོ་མཚར་རྨད་བྱུང་ཨེ་མ་ཧོ་ཁྱད་མར་ཅན།། ཉིད་ལ་ཉིད་ཀྱིས་ཡང་དག་དོར་བཤད་པ།། སེམས་ཅན་དོན་དུ་མ་གསུངས་སངས་རྒྱས་ཅིར་བསྟན་ཏོ།། ཨེ་མཧོ་སངས་རྒྱས་དམ་པ་ཉིད་ལ་རོལ
86a4 པས་ཀྱང་།། ངོ་མཚར་རྨད་ཀྱི་ཆོས་འདི་གཏང་མི་བྱ།། རྟག་པ་ཆེན་པོ་རྟོགས་པར་རོལ་པ་ཆེ།། འདི་ལ་གནས་པའི་སྐལ་ལྡན་ལེགས་པ་ཆེ།། འདི་ལ་སྤྱོད་པའི་སྐལ་ལྡན་སྤྱོད་པ་བཟང་།། འདི་ལ་བསྡུ་བའི་སྐལ་ལྡན་བལྟ་བ་བཟང་།། འདི་ལ་གནས་པའི་སྐལ་ལྡན་འདུན
86a5 ས་བཟང་།། ལམ་འདིར་འགྲོ་བ་རྣམས་ཀྱིས་རྣམས་རྫོགས།། ཕ་རོལ་ཕྱིན་བཅུས་རྣམས་ཡེ་ནས་དག། འདུག་སར་འདུག་པས་སངས་རྒྱས་པ་ལ་གནས།། གང་དུའང་མབྱིན་དེ་བཞིན་ཉིད་ཀྱི་དང་།། ཏི་ལམ་འདི་ལས་བདེ་བའི་ཉེ་བ་མེད།། གང་ཡང་མ་བསླབས་འབྲས་བུའི་ངོ་བོ་ཉིད།། དེ་མཛེས
86a6 ངོ་མཚར་ཆེ་བའི་གནས་ཆེན་འདི།། བདག་ཉིད་ཆེན་པོ་ཞལ་ལྡན་ཉག་གཅིག་ལས།། སུས་ཀྱང་འདི་ཉིད་རིག་པར་དཀའ་བའི་ཕྱིར།། ཉིད་ལ་ཉིད་ཀྱིས་བསྟན་པ་ངོ་མཚར་ཆེ།། རྒྱུད་ཀྱི་རྒྱལ་པོ་ཆེན་པོ་རྒྱས་པའི་སྒོ། བྱང་ཆུབ་ཀྱི་སེམས་ཀྱང་ཆེན་གྱི་རྒྱུད་ལས། ཆོས་ཉིད་ཀྱི་འོན་བསྟན་པར་དཀར།
86a7 བ་དང་། ཉིད་ལ་ཇོམས་པའི་ལེའུ་སྟེ་དགུ་པའོ།། །། དེ་ནས་བཅོམ་ལྡན་འདས་ཆེན་པོ་རྒྱུད་ཀྱི་དོན་བཤད་པས་མཉེས་པར་གྱུར་ཏོ།། མཉེས་ནས་རྒྱུད་ཀྱི་བདག་པོ་ལ་བསྟོད་པ། དཔལ་གྱི་སྐུ་མདའ་བཅོམ་ལྡན་ཏག་གཅིགས་ནི། གང་པོ་གྱི་མེད་ཆེན་པོའི་དོན་མཛད་པ། དོན་ཆེན་ཁྱད་པར
iiif viewer powered by OpenSeadragon
85b - 86b