e-texts navigator
Collection
Volume
Page
Wylie

84a1 གསུམ་ལ་སོགས་གྲགས།། འབྱུང་བ་ལྔ་སོགས་ཐམས་ཅད་ཀུན་ཏུ་གཡོས།། གསུམ་ཤར་གསུམ་གྱིས་སྣ་ཚོག་མ་ལུས་སྡུད།། དཀྱིལ་ཁོར་འདོའ་བར་གསུམ་དུ་བསམ་ཡས་ཏེ།། ཡི་གེའི་འཁོར་ལོ་དཀྱིལ་འཁོར་ཕྱག་རྒྱར་བསྟན།། སྣ་ཚོགས་འདོད་ཡོན
84a2 མཆོག་ཏུ་རྨད་གྲགས་པ།། བྱེད་པ་གཙོ་བོར་དམིགས་པ་དེ་ལ་འདུད།། མེད་ལ་ཡོད་པར་བརྟགས་པའི་རྟོགས་པའི་རྒྱན།། བསྐལ་པར་བྱང་ཆུབ་ཐོབ་དཀའ་འཁྲུལ་བའི་ལམ།། བྱིས་པའི་ལམ་བཞིན་འབྲས་བུར་གྱུར་པར་དཀའ།། མཚན་མའི་ཡུལ་ལ་ཆགས་པས་ཡང་དག་དོན།། རྙེད་པའི
84a3 ཡུལ་མེད་ཆགས་ཕྱིར་ཆགས་ལ་གནས།། སྣང་མིན་བྱང་ཆུབ་སེམས་ཀྱི་ཐེག་ལེ་འདི།། ཅེས་ཀྱང་བཤིག་ཏུ་མྱོང་པ་རྡོ་རྗེའི་ལྷ།། འཁོར་ལོ་རབ་བ་སྐོར་ཐིག་ལེ་གཅིག་ཏུ་བསྐུམས།། གང་ཡང་མི་འབྱེད་མཉམ་པ་ཆེན་པོའི་ངང་།། མཉམ་ཉིད་སྙིང་པོ་རྟོག་པ་ལས་འདས་པས།
84a4 སྐུ་གསུང་ཐུགས་ཀྱི་སྙིང་པོ་རྟོག་མི་བྱེད།། རང་བཞིན་འོད་གསལ་ཡི་གེའི་རྣམ་པར་ཞི། དབྱིངས་ལ་དབྱིངས་ཀྱི་འོད་ནི་རྣམ་གསལ་བས།། ཡི་གེ་མེང་ཚིག་འདས་པའི་ཡི་གེ་མཆོག། སྟོང་གསུམ་རྒྱ་ཆད་སྟོང་ཉིད་རྣམ་པར་དག། གང་ལའང་མི་གནས་སུས་ཀྱང་དངོས་གྲུབ
84a5 སྨོས་ས
84a6 ལྟོས་རང་བཞིན་པ།། མཉམ་ཉིད་སྙིང་པོ་རང་གི་ཇི་བཞིན་ལ།། བསྐྱེད་པའི་ཕྱག་རྒྱ་མི་དགོས་བསྐྱེད་མི་དགོས།། མི་གསུང་མཉམ་གཞག་གསང་སྔག་བཟླས་པའི་གསུང་།། མ་ཆག་པ་ལ་ཤིན་ཏུ་ཆགས་པ་དང་།། ཆགས་པ་ཉིད་ན་དེ་ལ་ཆག་མེད་པ།། དེ་ནི་ཆགས་པའི་རྒྱལ
84a7 པོ་ཆེན་པོ་སྟེ།། ཤིན་ཏུ་ཆགས་པ་ཆེན་པོ་ཡིན་པར་གྲགས།། ཅི་ལའང་མི་གནས་བསམ་པ་པས་འདས་པ།། ཏིང་འཛིན་བདེ་བའི་རོལ་ཆགས་པ་མེད།། གཞི་ན་མེད་པའི་བྱང་ཆུབ་སེམས་ཉིད་འདི།། ཆོས་རྣམས་མ་ལུས་ཀུན་གྱི་རྩ་བ་ཡིན།




iiif viewer powered by OpenSeadragon

83b - 84b

Texts on this page

Gdg006.18 - byang chub kyi sems khyung chen gyi rgyud