e-texts navigator
Collection
Volume
Page
Wylie

82b1 དཱ་ཡེ་ཤེས་ཏིང་འཛིན་བརྟག་མི་བྱ།། དམིགས་པའི་གཟའ་གཏད་ཞི་བའི་བྱང་ཆུབ་ལ།། ཡེ་ཤེས་རོལ་པས་ཆོས་ཉིད་བསྒོམ་མི་བྱ། ཏིང་འཛིན་རོལ་ཆགས་མེད་ཐིག་སེར་དག། གར་སྟ་བས་རོལ་མོ་སྣ་ཚོགས་བདྨ་རབ་ཡང་།། ལུས་ལས་མགོས་གཞན་གྱི་ཡིད་ལྡང་ལྟར། ཐབས།
82b2 ཀྱིརྒྱལ་པོ་ལུང་གི་སྙིང་པོ་འདི།། ངོ་བོ་ཉིད་ལས་མ་གཡོས་ཀུན་གྱི་འབྲས།། བསྒྲུབས་པས་གྲུབ་པའི་འབྲས་བུ་ཀུན་ཡིནི་ཚིམ།། བྱང་ཆུབ་ཀྱི་སེམས་ཁྱུང་ཆེན་གྱི་རྒྱུད་ལས།། ངོ་བོ་བསྟན་པ་དང་། ཚད་མས་གཞིག་དུ་མི་རུང་བ་བསྟན་པ་དང་། ལྷུན་གྱིས་རྫོགས་པར་བསྟན་པ་དང་། རྟག་ཏུ་མེངས་པ
82b3 བ་དང་། ཀུན་གྱི་འབྲས་བུ་བསྟན་པའི་ལེའུ་སྟེ་བཞི་པའོ།། །། དེ་ནས་བཅོམ་ལྡན་འདས་དཔལ་ཀུན་ཏུ་བཟང་པོས། ཉིད་དང་དབྱེར་མེད་པའི་འཁོར་རྨད་དུ་གྱུང་བ་ལ་ཉིད་ཀྱིས་བརྗོད་པ།། སྒྲིབ་པ་སྒོད་དང་ཆོས་ལྡང་ལས་ཀྱི་སྒྲིབ་པ་རགས།། རྟེན་ཅིང་འབྲེལ་པར་འབྱུང་བས་འདི་ཡི་གཏ
82b4 རྨེད།། མཚན་ཉིད་གསུམ་ལྡན་ཆོས་ཀྱི་ཚོགས་ཀྱང་དག་པར་འགྱུར།། བདག་མེད་རྣམ་པ་གཉིས་ཀྱི་ཚིག་གཉིས་ཡེ་ནས་ཞི།། སྙིང་རྗེའི་རྒྱུན་ཆད་སེམས་ཅན་མ་མཐོང་སེམས་ཅན་མེད།། ཐམས་ཅད་མཉམ་པ་ཉིད་ཡིན་རྡོ་རྗེ་སེམས་དཔའ་ཉིད་ཀྱི་སྐུ།། གཉིས་མེད་དེ་བཞིན་ཉིད་དུ་གཅིག་པའི་ཆོས
82b5 ཉིད་ཡིན།། རྡོས་པ་ཅན་གྱི་ཆོས་ཉིད་གཉེན་པོས་བཅོས་སུ་མེད།། ཏིང་འཛིན་བརྟན་པས་གཟུང་བའི་བསྒོམ་ཡུལ་བྲལ།། ཤེས་རབ་གསུམ་གྱིས་སྤྱང་དུ་འདི་ལག་ལ་ཡོད།། ཐམས་ཅད་མཉམ་པའི་དཀྱིལ་འཁོར་ཀུན་གྱི་རང་བཞིན་ལ།། རང་བྱུང་ཡེ་ཤེས་དེ་ལ་འཕྱོ་བ་ཡིན་པ་ནི།། སོ་སོ་མ་ཡིན་གཅིག
82b6 གི་དང་སྟེ་རྒྱུ་འབྲས་རྣམ་པར་དག། ཞུགས་རྗེ་བཞིན་དུ་བྱིན་གྱིས་རླབས་ཆེན་ཉིད་གྱུར་པས།། ཐམས་ཅད་བྱང་ཆུབ་ཆེན་པོ་མཆོག་ཏུ་མ་གྱུར་མེད།། སྡོམ་རྩོལ་འདུལ་དང་དམ་ཚིག་པས་མ་ཡས་པ།། མི་ཤེས་བྱིས་པས་བསླད་པས་འཁྲུལ་པ་ཡིན་པའི་ཕྱིར།། ཅི་ཡང་མི་དགོས་གསུང་བ
82b7 མེ་དགོས་བསྒོམ་མེ་དགོས།། འདི་ལ་སྤྱོད་པ་མི་དགོས་འདི་ལས་གཞན་མི་དགོས།། སྟོང་ཉིད་བདག་མེད་ཡེམ་ཁྱེན་རང་རི་གཟུགས་ཉིད་དེ།། ཐམས་ཅད་ནད་གསོ་མཛད་པ་སྨན་པའི་རྒྱལ་པོ་ཡིན།། མཐོ་རས་བགྲོད་པའི་ཆུད་དེས་བྱང་ཆུབ་ལམ་མི་རྙེད།། དུག་གསུམ་དུག་ལྔ་ཡིན་ས་ད




iiif viewer powered by OpenSeadragon

82a - 83a

Texts on this page

Gdg006.18 - byang chub kyi sems khyung chen gyi rgyud