| | e-texts navigator
|
80a1 མི་སྨྲ་བར་འཁོར་རྣམས་འདུས་ཏེ་འདུག་གོ།། དེ་ནས་བཅོམ་ལྡན་འདས་དཔལ་ཀུན་ཏུ་བཟང་པོ་ཉིད་ཀྱིས་ཉེད་ཆེ་བའི་ལྷན་ལ་བཞུགས་ཏེ་བརྗོད་པ། དམིགས་པའི་ཡུལ་མེད་མི་རྟོག་ཆོས་ཀྱི་ལམ།། མི་གནས་ཐིག་ལེ་ཇི་བཞིན་ཉིད་ཀྱི་དང་།། རང་བྱུང་ཡེ་ཤེས
80a2 ཀུན་ཏཱ་ཇི་བཞིན་གནས།། ཡུལ་ལ་མཾ་གནས་གཉེན་པོས་བཅོས་སུ་མེད།། སྟོང་བཞི་དོན་ཆོལ་ཁྱད་པར་དོན་མེད་པས།། གཟུགས་མེད་ཀྱིས་ཀུན་བསྒོམ་དྲུག་ལ་ཡོད།། སེམས་ནི་གཞི་སྟེ་ཆོས་རྣམས་སྣ་རྫོགས་ལ། མཆོག་ཏུ་སྟོང་པ་དེ་བཞིན་ལ་གནས།། རྫས
80a3 དང་མི་གནས་རང་བཞིན་ཉིད་ཀྱི་ལམ།། ཇི་བཞིན་ཉིད་དུ་བསྒོམས་པས་རྙེད་མི་འགྱུར།། ཆགས་པས་གྲོལ་བ་འདི་ལ་འདོད་པ་མིན།། དབང་པོ་རྣོ་བརྟུལ་ཆོས་ལམ་འཛིན་པས་ཀྱང་།། རྙིང་པའི་ཡུལ་མིང་སྙིང་པོ་མི་འབྱུང་ཞིང་།། དཔག་ཅིང་གཞལ་བས་འདི་ལ་དཔོགས་པ་མིན།།
80a4 ནམ་མཁའི་མཐའ་བཞིན་གང་ཡང་ཐོག་པ་མེད།། སྟོང་པའི་སྟོང་པ་ནོར་བུ་རིན་ཆེན་བཞིན།། དམིགས་པ་མེད་ཅིང་འགྱུར་བར་མི་བྱེད་པར།། རང་བཞིན་གནས་པས་རེ་བ་ཐམས་ཅད་སྐོང་།། བརྟག་མེད་བཞག་ན་ལེགས་པའི་འབྱུང་བ་ཆེ།། དྲན་དང་ཞི་བ་འབྱེད་མེད་སྙིང་རྗེས་བསྟན།
80a5 བླ་མེད་བྱང་ཆུབ་སྙིང་པོར་འགྲོ་བའི་ལམ།། དེ་ལྟའི་ཡུལ་མེད་སནས་རྒྱས་མཐོང་བ་མེད།། སངས་རྒྱས་མེད་པས་སངས་རྒྱས་མིང་ཡང་མེད།། སངས་རྒྱས་སྟོན་པས་མིང་དུ་བཏགས་པས་ནོར།། སངས་ཀྱིས་གཞན་ནས་ཐོབ་བྱེད་ནོར་བའི་ལམ།། རང་རིག་བྱང་ཆུབ་སེམས
80a6 ཉིད་སངས་རྒྱས་སྒྲ།། གཞན་གྱིས་ནོར་མིན་ཡོ་ནས་གནས་པ་ད།། བདེ་བ་འདོད་པས་འདི་ལ་རྒྱབ་ཀྱིས་ཕྱོགས།། མ་གཡོག་ནང་དུ་བཅོལ་བའི་རིགས་མེད་དེ།། ཡུལ་ཕྱིར་ཆགས། ཉིང་ཡུལ་ལ་བསྔོ་བའི་དམིགས་པ་མེད།། ཁྲུང་ཆེན་ནམ་མཁང་ལྡིང་རྩེ་འགྲོ་བ
80a7 བཞིན།། རང་བཞིན་སློབ་མེད་ཅིང་བསྡུབ་མེད།། རྒྱ་མཚོ་ཆེན་པོ་བཞིན་དུ་ཡེ་གནས་ལ།། ཆོས་རྣམས་སྣ་ཚོགས་མ་ལུས་བབྱེང་བར་བྱེད།། ཀུན་ཏུ་བཟང་པོའི་སྤྱོད་ཡུལ་དགང་ལ།། ཞིང་འཇོ་བའི་གནང་མེད་དེ་བཞིན་ཉིད།། བཤད་པ་བཞིན་དུ་བརྟགས་པ
iiif viewer powered by OpenSeadragon
79b - 80b