| | e-texts navigator
|
79b1 མིགས་པཿ་ཥྚརྠ།། སྡིག་སྟེང་བྱང་ཆུབ་ཅན་པའི་སྟན་ལ་དག། ཚོགས་ཆེན་གཉིས་རལ་བསོད་རྣམས་བྱས་པའི་སླར།། འདི་མ་མཐོང་བར་སངས་རྒྱས་འདོད་པ་ན།། དམིགས་བླ་མེད་པར་ལོང་བས་ན་བགྲོད་ཀྱང་།། གནས་སུམ་སན་གྲགས་བྱ་འ་ཆ་བཞིན་ནོ།། བྱུང་རྒྱ
79b2 སེམས་རྩལ་ཆེན་གྱི་མྱེད་ལས། ཉིད་ཀྱི་བཤད་པའི་རྒྱུད་ཀྱི་དངོས་པོ་ལ་རྔམས་པའི་ལབ་སྟེ་བརྐྱང་བའོ།། །། དེ་ནས་བཅོམ་ལྡན་འདས་དཔལ་རྡོ་རྗེ་ཀུན་ཏུ་བཟང་པོ་ཉིད་ཅང་མི་གསུང་བར་བཞུགས་པ་ལ།། རྡོ་རྗེ་འཛིན་པས་བསྟོད་པ། བཅོམ་ལྡན་འདས་ཀྱི་སྙིང་པོང
79b3 མེད་སུ།། རྣམ་གྲོལ་ཟག་པ་མེད་པ་ཟླ་གས་ལ་འདྲ།། མགོན་པོ་མཆོག་ཉད་དཔའ་བ་དེ་ནི་སྟོན་པའི།། དཔེ་མེད་དོན་འཛིན་ཁྱོད་ལ་ཕྱག་ཀྱང་འཚལ།། ལམ་མེད་ལམ་དང་བྲལ་བའི་སྙིང་པོའི་མཆོག། ཡེ་ནས་དག་པའི་ཆོས་ལ་ཕྱག་ཀྱང་འཚལ།། འདི་དོན་གུས་པས་མང
79b4 རྒྱས་སྐྱེས་རྣམས་ལའང་།། དོན་འཛིན་དཔའ་བ་བཞིན་ཏེ་ཕྱག་ཀྱང་འཚལ།། ཆོས་ལ་མེད་པའི་དགས་ལབའང་བ་ཞིན་ཕྱག་འཚལ།། འཆད་དང་འདྲི་དང་ལྡཉན་ན་པས་མ་ཐོང་།། འདུས་ཤིང་འདོན་པལའང་བཞིན་ཕྱག་འཚལ།། དོན་པ་དཔའ་བས་དང་གཏད
79b5 པའི་དོན། བདག་དང་དབྱེར་མེད་རྒྱལ་བ་ཀུན་གྱི་ཐུགས།། དེ་བཞིན་མཆོག་གིས་མ་ལ་བཞུགས་པ་ལ།། སྙིང་པོ་སངས་རྒྱས་ཐམས་ཅད་བསྐྱེད་མཛད་པའི།། གསང་བའི་ཐིག་པ་འདི་ནི་བཤད་བྱའི་ཕྱིར།། དེ་བཞིན་མཆོག་གི་སྣང་ཆེན་བཟེར་བར་མཛོད།། བྱུང
79b6 ཆུབ་སེམས་རྩལ་ཚན་གྱི་རྒྱུད་ལས། རྒྱུད་ཀྱི་བདག་པོ་ལ་བསྟོད་པ་དང་། རྒྱུད་ལ་བསྟོད་པ་དང་། གཏད་པའི་ལེའུ་སྟེ་དགུ་པའོ།། །། བྱང་ཆུབ་སེམས་ཐིགས་པ་ལྟར་སྤྱོད་པ་དམ་ཚིག་དང་ཏིང་ངེ་འཛིན་རྩལ་སྦགས་པའི་རྒྱུད་རྫོགས་སོ།། ཤྲཱི་སིདྷ་དང་བ་རོའི
79b7 འགྱུར།། །། དེ་ནས་བཅོམ་ལྡན་འདས་དཔལ་རྡོ་རྗེ་སེམས་དཔའ་ལ་སོགས་པ་རྣམས་ཀྱིས་ཤིན་ཏུ་གུས་པས་ཕྱག་འཚལ་ནས། བཅོམ་ལྡན་འདས་དཔལ་ཀུན་དུ་བཟང་པོ་རྣམ་པར་གྲོལ་བའི་ལམ་ལ་བཞུགས་སོ།། བདེ་པ་གཤེགས་པ་ལགས་སོ་ཞེས་བསྟོད་དེ། ཅང
79b8 འདི་མི་གནས་སུ་མ་གྱི་ལེ་ཉེ་གཉིས་པ་ཁྱུང་ཆེན་གྱི་རྒྱུང་ཡིན
iiif viewer powered by OpenSeadragon
79a - 80a