e-texts navigator
Collection
Volume
Page
Wylie

79a1 མངོན་སུམ་མི་གནས་རླབས་ཀྱིས་དེ་ལ་རོལ།། སྟོན་པས་བཤད་པ་དོན་གཉེར་རུང་མ་ཡིན།། ཟོས་པར་མི་རིགས་མཉན་པའི་ཐ་སྐད་བྲལ།། ཆོས་དང་ཆོས་མན་འདྲེས་པའི་ཐིག་ལ་འདི།། ལྷག་པ་འདོན་ཡིན་པས་ན་བཤད་དུ་མེད།། ཇི་ལྟར་གྲིབ་མ་བཟུང་བར
79a2 འདོད་པས་ཀྱང་།། ལྕགས་ཀྱུས་བཟུང་ངམ་སྣོད་དུ་བྱས་ནས་ཀྱང་།། གཟུགས་བརྟན་གྲིབ་མ་གཟུགས་ལ་དག་པ་བཞིན།། སྤུའི་ཕྱག་རྒྱ་སློབསྐྱུགས་ལ་འགྱུར་བ།། ཏིང་འཛིན་བརྟན་པས་ཇི་ལྟར་བཟུང་གྱུར་ཀྱང་།། ཆོས་ཀྱི་དབྱིངས་ལ། ཡེ་ནས་རྣམ་པར་དག། རྟོག་དཔྱོད་སྐྱེས་པང
79a3 ཆོས་ལས་འཛིན་པ་དེ།། འཁྲུལ་ཏེ་བྱང་ཆུབ་རྟོག་པས་ཐོབ་པ་མེད།། སངས་རྒྱས་སྟོན་པས་ཆོས་རྣམས་བཤད་པ་ནི།། སོ་སོ་འདོན་རྣམས་ཇི་ལྟར་འཛིན་གྱུར་ཀྱང་།། དེ་ཉིད་མི་འཐོབ་དོན་ཆེན་ཉིད་ལ་ངག། དེཔྱི་དོན་འདི་རྙེད་པར་མ་གྱུར་ན།། སྟོན་པས་བཤད་པས་འདི་ཡི་གཏིང་མི་རྙེད།།
79a4 ཀུན་ཏུ་འོངས་མི་ནོན་འཚང་མི་ཌྷ།། སྒྱུ་མ་མཁམ་གྱིས་སྒྲ་མ་སྤྲུལ་བྱས་ཀྱང་།། སྐད་ཅིག་ཙམ་ཡང་ཡོད་མ་མྱོང་བ་ལྟར།། ན་གསུང་ཚེག་ལས་སངས་རྒྱས་མྱི་འབྱུང་བའོ།། སྐུ་བཞིན་སྐད་ཅིག་ཙམ་ཡང་འགྲུབ་མི་སྲིད།། བྱང་ཆུབ་དོན་ལ་འཁྲུལ་བ་དེ་དག་ནི།། དོན་མེད་ཚིག་བསྲུང
79a5 པ་ས་དུ་ས་། ད་ན
79a6 མེད་པའི་ལེའུ་སྟེ་བདུན་པའོ།། །། དེ་ནས་བཅོམ་ལྡན་འདས་དཔལ་ཀུན་ཏུ་བཟང་པོས་ཉིད་ཀྱིས་ཉིད་ལ་ཆེད་དུ་བརྗོད་པ།། ཨེ་མ་ཧོ་ཆེན་པོ་ལྔ་ང་དགེ་བའི་ཆོས།། བདག་གཞན་མི་འབྱེད་རྒྱུ་འབྲས་ཡོངས་ཀྱིས་རྫོགས།། ཚིག་གི་དོན་གསེར་ནོར་བུ་རིན་པོ་ཆེ།། གཞན་ནས
79a7 བཙལ་བས་མེ་རྙེད་རང་ལ་གནས།། ཡངས་སོ་ཆེའི་ཆོས་རྣམས་གྱེན་གྱི་རྩེ།། བཟང་ངོ་ཞེས་སེམས་ཉིད་རྣམ་པར་དག། ཐེག་པའི་འབྲས་བུ་ཉིད་དེ་རྩབ་འང་ཡིན།། སྐད་མེད་ཆོས་ཀྱིས་མཟེན་གང་ཡང་མེད།། བླང་དོར་བཟང་ངན་མི་འབྱེད་བཟང་པོའི་མཆོག། ད




iiif viewer powered by OpenSeadragon

78b - 79b

Texts on this page

Gdg006.17 - byang chub sems rtsal chen gyi rgyud