| | e-texts navigator
|
78b1 མི་དམིགས་རྩོལ་བ་ལས་ནི་འདས་པ་ཡི།། རང་བཞིན་དེར་མི་བཞག་སྟེ་འདྲེས་པར་བྱ།། མ་འཐུངས་ཆུ་ཡིས་སྐོམ་ལ་མི་ཕན་བཞིན།། ལྕེ་ཡི་ཚིག་དེ་དོན་དུ་མ་ཤེས་ན།། ནད་གང་ཕན་པའི་སྨན་དང་ནད་པ་དག། འགྲོགས་ཀྱང་ཁོང་དུ་མ་བཏང་མི་འཚོ་འདའ།། བྱང་ཆུབ
78b2 སེམས་རྩལ་ཆེན་སྐྱུགས་པའི་རྒྱུད་ལས། བསམ་གཏན་ཏིང་ངེ་འཛིན་དང་རྫོགས་པའི་རང་བཞིན་དང་། དེ་ཤེས་པར་བྱ་དགོས་པའི་ལེའུ་སྟེལ་པའོ།། །། དེ་ནས་བཅོམ་ལྡན་འདས་དཔལ་རྡོ་རྗེ་སེམས་དཔས་བཅོམ་ལྡན་འདས་ཀུན་ཏུ་བཟང་པོ་ལ་ཐལ་མོ་གདོང
78b3 དུ་བཟུང་ནས་ཅིང་མི་སྨྲ་བར་པུས་བཅུག་ཏུ་འདུག་པས།། བཅོམ་ལྡན་འདས་ཀུན་ཏུ་བཟང་པོས་ཉིད་ལ་ཉིད་བརྗོད་པ། ངོ་བོ་ཉིད་ཀྱི་གཞི་རྟོགས་མ་ནོད་ལམ།། ཅི་ཡང་མི་མནོས་པ་ལི་ཆོས་སྤྱད་ནས།། བདག་གཞན་མེད་པའི་འབྲས་ཐོབ་སྟེ།། རྟག་ཏུ་བདག་གཞན
78b4 མེད་པའི་འབྲས་བུ་ཐོབ།། བདག་གཞན་ཐམས་ཅད་ཅིང་ཡང་མི་མཐོང་ངོ་།། དྲ་བས་མེ་མཚོན་བཞིན་དུ་དེ་ཡང་བྲལ།། བདེན་པ་བཞིན་དུ་རྣམ་ཤེས་མི་གཡོ་ཞིང་།། སེམས་རྒྱུན་སྐྱེ་བ་མེད་པའི་ཟག་ཆེན་པོ།། མི་བདེན་པ་ཉིད་མ་སྐྱེས་པར་ཤེས་ན།། མི་བདེན་རྒྱན།།
78b5 བཅད་བདེན་པ་ཉིད་ལ་གནས།། སེམས་ལ་སེམས་མེད་པར་ནི་ཤེས་གྱུར་ན།། སེམས་དེ་ལ་ནི་གཅད་དུ་ཅིའང་མེད།། ད་ལྟར་གྱི་ནི་རྣམ་ཤེས་མེ་སྐྱེ་ཞིང་།། སེམས་ལ་སེམས་མེད་པར་ནི་ཤེས་འགྱུར་ཏེ།། ཆོས་ལ་ཆོས་མེད་པར་ཡང་ཤེས་པ་ནི།། སངས་རྒྱས
78b6 ཐམས་ཅད་དམ་པ་དེ་གསུམ་སྤྱོད།། སྙིང་པོ་འབྱུང་བས་ཆོས་སྒྲ་གཞན་ན་མེད།། སྤྱོད་མེད་ཁྱུད་ལས་འདས་པས་སྤྱོད་པའི་མཆོག། དེ་ལ་སྙིང་པོ་འགྱུར་སྟེ་ཆོས་ཀྱི་ལྷའོ།། གཞན་དུ་དོན་སྨྲ་མུཾ་སྟེགས་འཁྲུལ་པའི་ལམ།། སྐོམ་པ་ཆུས་གདུངས་སྨིག་རྒྱ་བསྙེག་པ
78b7 འདྲ།། བྱང་ཆུབ་སེམས་ཐལ་ཚོན་གྱི་རྒྱུད་ལས། སྤྱོད་པའི་རྣམ་གྲངས་སོ་སོར་བསྟན་པའི་ལེལ་སྟེ་དག་པའོ།། ། དེ་ནས་བཅོམ་ལྡན་འདས་ཀུན་ཏྲ་བཟང་པོ་ཉིད་ཀྱིས་ཆེད་དུ་བརྗོད་པ་འོད་བརྗོད་དོ།། མི་གནས་མི་དམིགས་མི་འགྱུར་བྱང་ཆུབ་སེམས།
iiif viewer powered by OpenSeadragon
78a - 79a