| | e-texts navigator
|
77a1 བློ་ཏོག་བྱིས་པའི་སྤྱོད་པས་ཅ་ཞིག་བསླུ།། རྒྱུ་བྲས་དབྱེར་མེད་སངས་རྒྱས་སེམས་ཅན་དང་།། ཕན་གྱི་སྤྱོད་ཡུལ་གཞིན་མེད་པལ།། འཁྲུལ་པས་ནོ་པའི་ལམ་དུ་བརྟགས་པ་ཡང་།། བསྟན་པ་ར་སམ་ཆེན་པོ་ལས་གཞན་མེད་པས།། མཉམ་པར
77a2 ས་པ་སྤངས་ཀྱིས་ཀུན་གྱི་རྗེ།། ང་དང་བདག་ཏུ་བརྟགས་པས་རབཞི་པའི།། མཆོག་ཏུ་རྨད་བྱུང་ཕྱི་དང་ནང་ཀུན་དབྱིངས།། ཡ~ཾ་ནས་རྣམ་པར་དག་པའི་སྤྱོད་ཡུལ་ལ།། སེམས་ཅན་སངས་རྒྱས་གཉིས་མེད་སྐལ་ཅན་དབང་།། བདག་གཞན་བརྟགས་པས་མུ་སྟེག་འཁྲུལ་པའི
77a3 ལམ། བྱིས་པས་བསླུས་པས་ཆོས་ཁྱོད་ལམ་ལ་བཙུད།། ཕྱིན་པའི་དུས་མེད་རྟོགས་པའི་དུས་མེད་པས།། གཉིས་མེད་ཆོས་ནི་རྙེད་པར་ག་ལ་འགྱུར།། བྱང་ཆུབ་སེམས་རྩལ་ཆེན་སྤགས་པའི་རྒྱུད་ལས། གླིང་གཞིའི་ལེའུ་སྟེ་དང་པོའོ།། །། དེ་ནས་བཅོམ་ལྡན
77a4 འདས་དཔའ་རྡོ་རྗེ་སེམས་དཔས་ཡང་ཕྱག་འཚལ་ནས། བཅོམ་ལྡན་འདས་དཔལ་ཆེན་པོ། བདག་མེད་གཉིས་མེད་རྣམ་པར་དག་པའི་ལམ།། གང་ལ་བརྟེན་ཏེ་བསྒྲུབ་པར་བྱ།། ཡང་དག་པ་ཡི་གཙོ་བོས་བཤད་དུ་གསོལ།། ཞེས་བཅོམ་ལྡན་འདས་ལ་ཞུས་པས། བཅོམ་ལྡན
77a5 འདས་དཔལ་ཀུན་ཏུ་བཟང་པོས་དོན་ཐུགས་སུ་ཆུད་ནས་བཀའ་སྩལ་པ། དམ་པའི་དགེ་བཤེས་ལ་བརྟེན་ཏེ་དངད་སེམས་བསྐྱེད། རྒྱུ་ལམ་དེ་བགྲོད་རིམ་ཞུགས་འབྲས་རྙེད་ཚེ།། གཉིས་མེད་བདེ་བར་ཕྱིན་ཕྱིར་དེ་བཞིན་ནོ།། མིག་ཡོའི་རང་བཞིན་གནས་པའི་ཆོས་ཉིད་དེ།། སྟོང་པ
77a6 ཉིད་དེ་སྟོང་པའི་ཡུལ་ལ་གནས།། བརྟགས་ན་མངོན་སུམ་མི་གནས་རྙེད་མཐའ་མེད།། ལམ་ལ་ལྟོས་པའི་གནས་མེད་པས་མ་དང་བྲལ།། རང་བཞིན་ཉིད་ལས་ཡིད་མི་འཇོག་པ་ནི།། བདག་མེད་སྨན་ཆེན་གཏོང་བའི་སློབ་དཔོན་དེ།། དགེ་བཤེས་ཀུན་ལས
77a7 འབྱུང་བའི་རིན་པོ་ཆེ།། བདག་དང་གཞན་དུ་བྲལ་བའི་སྟོན་མཁན་ཉིད།། གཞན་ནས་མ་བྱུང་རངའ་ཇིག་བྱང་ཆུབ་སེམས།། དཔེའ་མཚན་མས་གཞིག་སུ་ཡོད་མ་ཡིན།། ཡེ་ཤེས་འབྱུར་འཇུག་ཟད་པའི་ཐུགས་པ་ཉིད།། དད་པའི་དད་པ་སེམས་བསྐྱེད་ཡིན་པར་ནི།། དྲི་མེད་དེ་བཞིན་གཤེགས
iiif viewer powered by OpenSeadragon
76b - 77b