| | e-texts navigator
|
73b1 དེ་ནས་བཅོམ་ལྡན་བཀའ་སྩལ་པ།། མ་བཅོས་བདེ་བ་ཆེན་པོའི་དོན།། འདི་ལ་སུ་ཤི་མེད་པས་སྲོག། ཀུན་ནས་མ་བསྒྲིབས་བྱང་ཆུབ་སེམས།། སྡང་སྲིད་འདུ་འབྲལ་མེད་པས་སྲོག། ཐོས་གསུམ་མ་བསླབས་བྱང་ཆུབ་སེམས།། འཕོ་འགྱུར་གཉི
73b2 སུ་མེད་པའི་སྲོག། སྲོག་གི་འཁོར་ལོ་སྲིད་གསུམ་བསྐོར།། འབྱུང་ལྔ་ཡུམ་གྱི་བྷ་གའི་ཀློང་།། འདི་རུ་སྣང་སྲིད་རྫོགས་སངས་རྒྱས།། སངས་རྒྱས་ཉིད་ལ་སྐྱེ་ཤ་མེད།། ཕྱེ་འགག་མེད་པས་སྲོག་ཅེས་བྱ།། འགྱུར་བ་མེད་པས་ཨ་ཏི་རུ།། འགྲོ
73b3 རྣམས་སྐྱེ་ཤི་མེད་པར་བསྒྲལ།། དེ་ཕྱིར་འཆི་མེད་སྲོག་ཅེས་བྱ།། ཀྱེ་ཤི་མེད་པས་སེམས་ཉིད་སྲོག། སྲིད་གསུམ་འཁོར་ལོ་བསྐོར་བས་ན།། སྲོག་གི་འཁོར་ལོ་ཞེས་སུ་གྲགས།། ཡུལ་ལ་ངེས་པ་མེད་པས་ན།། སེམས་ཀྱི་དེ་དོགས་རྣམ་པར་མེད།།
73b4 འཛིན་ཆགས་མེད་པས་འཆིང་བ་མེད།། སྐྱེ་མེད་དེ་ལ་སྲོག་ཅེས་བྱ།། དུས་གསུམ་རྡོ་རྗེ་འདུས་མ་བྱས།། སྣང་སྲིད་ཡེ་སངས་རྒྱས་པས་སྲོག། འཕགས་པའི་དོན་ལ་དབྱེ་བ་མེད།། དུས་གསུམ་འགྱུར་བ་མེད་པས་ན།། གར་ཡང་འཕོ་བ་མེད་པས
73b5 གྲོང་།། བསམ་དུ་མེད་པའི་ཆོས་ཉིད་ལ།། བརྗོད་དུ་མེད་པའི་རིག་པ་བཞག། ཆགས་མེད་འདུ་འབྲལ་མེད་པས་སྲོག། སྱེ་ཤི་བྲལ་བས་རང་བྱུང་ཀློང་།། མ་ཡེངས་གསལ་བས་སྲོག་གདོན།། ཀུན་ལ་ཁྱབ་པས་བྱང་ཆུབ་དོན།། འགྱུར་མེད་ལྷུན་གྱིས
73b6 གྲུབ་པས་ན།། སྤབས་མ་ཡུལ་ལས་འདས་པའོ།། གང་ལ་ཆགས་མེད་བྱང་ཆུབ་ལམ།། སྤོས་བྲལ་སྲོག་གི་འཁོར་ལོའོ།། རིན་པོ་ཆེ་དང་མཉམ་པ་སྐྱེ་བ་མེད་པའི་རྒྱུད་ལས། སྲོག་གི་འཁོར་ལོའི་ལེའུ་སྟེ་བརྒྱད་པའོ།། ། དེ་ནས་བཅོམ་ལྡན
73b7 བཀའ་སྩལ་པ།། ཀྱེ་རྐྱེན་ཚོགས་པའི་སྡོད་བུ་ལས།། མྱུ་གུ་དོན་གྱིས་འབྱུང་བ་ལྟར།། མ་བཙས་དང་ལ་རང་བཞིན་གནས།། གནས་པས་དམིགས་མེད་མྱུ་གུ་འབྱུང་།། སྤོས་མེད་བྱང་ཆུབ་སེམས་ཉིད་ལས།། རིན་ཆེན་སངས་རྒྱས་བྷ་གུ་འབྱུང་།། རྒྱལ་ལུས
iiif viewer powered by OpenSeadragon
73a - 74a