| | e-texts navigator
|
72b1 གཡོས་པ་མེད།། ཡི་གེ་འབྲུ་ལ་རྟོག་པ་རྣམས།། རྗེ་བཅན་དོན་པས་ཉམས་ཏེ་དམན།། ཕྱི་ནང་གཉིས་ཀ་བདེ་ཆེན་པོ།། རྗེ་བཙན་དམ་པ་བྱང་ཆུབ་སེམས།། འཁོར་བ་མང་འདས་གཉིས་མེད་དེ།། ཇི་ལྟར་བལྟས་པས་བྱང་ཆུབ་སེམས།།
72b2 ཡི་སངས་རྒྱས་པས་ཆོས་ཀྱི་སྐུ།། རིན་པོ་ཆེ་དང་མཉམ་པ་སྐྱེ་བ་མེད་པའི་རྒྱུད་ལས། ཛཾ་བཙན་དམ་པའི་ལེའུ་སྟེ་ཟླ་པའོ།། ། དེ་ནས་བཅོམ་ལྡན་བཀའ་སྩལ་པ།། ནམ་མཁའ་འགྲེང་བ་ཀུན་དྷི་ནྟེ།། ཀུན་བཟ་ཆོས་རྣམས་ཀུན་གྱི་རྩེ།། སྐྱེ་ག
72b3 མེད་པས་འཁོར་བ་ཀུན་གྱི་རྒྱུ།། དྲན་རྟོག་མེད་པས་བསྒོམ་པའི་རྩེ།། ཐམས་ཅད་ཡོངས་ལས་རྒྱལ་བ་ནི།། རྩེ་མོ་བྱུང་རྒྱལ་ཞེས་བཤད་དོ།། དེ་ཉིད་བྱང་ཆུབ་སེམས་ཡིན་ཏེ།། འབྲས་བུ་རང་ལ་རྫོགས་པའི་ཕྱིར།། རྩེ་མོ་ཕྱུང་ཀྱམ་དང་ཉིད་སྨྲ།། མ
72b4 སོང་གནས་བྱིན་ལམ་གྱི་རྩེ།། འདུ་འབྲལ་མེད་པའི་ངང་ཉིད་ལས།། དུས་གསུམ་མི་འབྲལས་རུ་ག་ནས།། བསྲུང་མཚམས་ཀུན་ལས་རྒྱལ་བས་ན།། དམ་ཚིག་ཀུན་གྱི་རྩེ་མོར་བཤད།། བླང་དོར་མེད་པའི་སྤྱོད་པ་ནི།། རྒྱལ་ཆེན་གང་ཡང་མ
72b5 སྤངས་རྩེ།། མི་འགྱུར་ལྷན་གྲུབ་བལྟ་བ་ནི།། རིག་པ་སྤོས་བྲལ་མཉམ་པའི་རྒྱལ།། གང་ཡང་འབྱེད་པ་མེད་པས་ན།། གདགས་པའི་ཐ་སྙད་ཀུན་ལས་འདས།། དོན་ལ་དབྱེར་མེད་བརྡ་བའི་རྒྱུ།། སྣང་སྲིད་གསལ་བའི་བྱང་ཆུབ་སེམས།། འདུ་འབྲལ་མེད་པས
72b6 ཡོངས་སུ་ཁྱབ།། ཀུན་ལགས་ལ་བས་བཀག་པ་མེད།། སྣང་སྲིད་མ་འགགས་ཡེ་ཤེས་རྩེ།། ཆུ་འབྲས་གཉིས་མེད་དབྱེ་བ་ཡིས།། ཚོགས་མཆོག་དམཔ་ཆེན་པོ་སྟེ།། བསོད་ནམས་དམ་པའི་གཞིར་འགྱུར་རོ།། དུས་གསུམ་རྩལ་བ་ཐམས་ཅད་ཀུན།། མཉམ
72b7 པའི་དབྱིངས་སུ་བཀོད་པས་ནི།། འདུ་འབྲལ་མེད་པའི་ངང་ལ་གནས།། མ་ལུས་སངས་རྒྱས་ས་རུ་བརྟགས།། རིན་པོ་ཆེ་དང་མཉམ་པ་སྐྱེ་བ་མེད་པའི་རྒྱུད་པས། རྩེ་མོ་བྱུང་རྒྱལ་གྱི་ལེའུ་སྟེ་དྲུག་པའོ།། ། དེ་ནས་བཅོམ་ལྡན་བཀའ་སྩལ་པ།། སྣ་ཚོགས
iiif viewer powered by OpenSeadragon
72a - 73a