e-texts navigator
Collection
Volume
Page
Wylie

71a1 བཅོམ་ལྡན་བཀའ་སྩལ་པ།། ད་ནི་མེད་བྱང་རིན་ཆེན་མཛོད།། སྐྱེ་མེད་ཐམས་ཅད་ལས་བྱུང་།། དཔད་པའ་སྔོན་རོ་པ་ན།། སངས་རྒྱས་སེམས་ཅན་གཉི་ས་མེ་དེ།། གཟུགས་ནས་ཐམས་ཅད་མཁྱེན་པའི་བར།། ཐམས
71a2 ཅདང་ལས་བྱུང་བ་ཡིན།། འཇམ་དཔལ་ཡེ་ཤེས་རྡོ་རྗེའི་སྐུ།། ཉོན་མོངས་དྲུག་པོ་རྣམཐར་སྒོ།། པོ་དྲ་དཀར་པོ་དྲི་མ་མེད།། འདི་དོན་རྟོག་པ་སེམས་ཀྱི་དབང་།། ཡང་དག་གྲུབ་པ་ཇིག་ལེར་གཅིག། འདི་ནི་ལ་འབྱོར་བདེ་བའི་མཆོ།། གདན་ནས་དྲི་མ་ད
71a3 ཆེ།། སྐྲག་བསྔལ་ནད་ཀྱི་ཟུག་རྔུ་འཇིལ།། རྨེད་བྱང་རྡོ་རྗེས་ཞེ་སྡང་འཇོམས།། ཡེ་ཤེས་ཕུར་དབུས་བརྗོད་བཞི་བསྐལ།། ཐམས་ཅད་ཡུམ་གྱི་བྷ་གའི་ཀློང་།། ང་ལས་འབྱུང་ཞི་དང་དུ་ནི།། ད་ནི་སྲིད་ལས་ཐོབ་པའི་སྔགས།། དེ་ཉིད་ལས་སུ་རུང་བ་ན་ན།
71a4 འཇིག་རྟེན་གསུམ་ཡང་ད་རུ་རྫོགས།། གཙུག་ཏོར་ཆེན་པོ་རྨད་བྱུང་གཙུང་།། ཐེག་པ་སྣ་རྫོགས་རྣོན་པ་པོ།། བདེན་པ་བཞིན་སྟོན་པ་པོ།། ཡན་ལག་བཅུ་གཉིས་སྲང་རྒྱ་བ་ཏོན།། རྣམ་རིག་སྟེ་ཚོགས་གཟུགས་དོན་ཅན།། བདེན་པ་གཉིས་ཀྱི་ཚུལ་ལ་གནས།། གསུམ
71a5 རིག་གཙང་མ་དག་པ་སྟེ།། དེ་ཉིད་རྣམ་པ་བཞི་ཡི་ཚུལ།། སངས་རྒྱས་སྐུ་ལྔའི་བདག་ཉིད་ཅན།། བཅུ་དྲུག་ཕྱེད་བྱེད་ཐིག་ལེ་ཅན།། ཆོས་དབྱིངས་དམ་པ་ཟད་མི་ཤེས།། རྣམ་པར་རྟོག་མེད་ལྷུན་གྱིས་གྲུབ།། རྨད་ཀྱང་རྡོ་རྗེ་འདི་རྟོགས་ན།། རྡོ་རྗེ་སེམས་དཔའ
71a6 ཉིད་ཀྱང་ནི།། རྡོ་རྗེའི་གདན་ལ་ཡང་སངས་རྒྱ།། ངོ་མཚར་རྨད་བྱུང་ཀུན་གྱི་གཙུག། སྐུ་ལྔ་ཡེ་ཤེས་ཐིག་ལོའི་རྫོང།། རྨད་བྱུང་ཐུགས་རྗེས་འགྲོ་དོན་རྫོགས།། རིན་པོ་ཆེ་དང་མཉམ་པ་སྐྱེས་མེད་པའི་རྒྱུད་ལས། བྱང་ཆུབ་ཀྱི་སེམསཔའི་ལེའུ་སྟེ་གཉིས
71a7 པའོ།། ། དེ་ནས་བཅོམ་ལྡན་བཀའ་སྩལ་པ།། གཉིས་སུ་མེད་ལས་བདེ་བ་ཆེ།། དབྱིངས་སུ་ཐིམ་པས་ཀུན་ལ་བྱམས།། འབྲས་བུ་མེད་པས་བདེ་བའི་སྒོ།། ངང་དུ་གྲོལ་བས་བདེ་བའི་ཀློང་།། མ་དམགས་རྫོགས་ཆེན་འ




iiif viewer powered by OpenSeadragon

70b - 71b

Texts on this page

Gdg006.16 - chos thams cad byang chub kyi sems rdzogs pa chen po 'khor ba rtsad nas gcod pa rin po che dang mnyam pa skye ba med pa'i rgyud