e-texts navigator
Collection
Volume
Page
Wylie

70b1 ཀྱ་ག་ག་དདུ་། སརྦ་དྷརྨཱ་མ་ཧཱ་ས་རྦནྟ་དྷིཿས་སྔར་མཱ་ལ་རྒྱ་ད་ན་ཏྲཱ་ས་རྦརྦཱ་\ུ0f89\ུ0f4རྨྨཱ། བད་སྐད་དུ། ཆས་ཐམས་ཅད་བྱང་ཆུབ་ཀྱི་སེམས་རྫོགས་པ་ཅན་པ་འཁོར་བ་ཅད་ནས་གཙང་པ་ནཔ་ཆ་དང་མཉམ་པ་སླབ་མེད་པའི་རྒྱུད། བཅོམ་ལྡན་འདས་ཐ་ག
70b2 རྒྱལ་པོ་ལ་ཕྱག་འཚལ་ལོ།། འདི་སྐད་བདག་གིས་ཐོས་པའི་དུས་གཅིག་ན། བཅོམ་ལྡན་འདས་ཀུན་ཏུ་བཟང་པོ་འོག་མིན་ཆོས་ཀྱི་དབྱིངས་ཀྱི་ཕོ་བྲང་ན། བཅོམ་ལྡན་འདས་རིགས་ལྔའི་སངས་རྒྱས་ལ་སོགས་པ་བྱང་ཆུབ་སེམས་དཔའ་བརྒྱ་སྟོང་དུ་མེ་དང་ཐབས་ཅིག་ཏུ
70b3 བཞུགས་ཏེ། དེའི་ཚེ་སངས་རྒྱས་རྡོ་རྗེ་སེམས་དཔས་གཉིས་མེད་མཆོག་གི་མཆོད་པ་ཕུལ་ནས་ཕྱོགས་གཅིག་ཏུ་འཁོད་དེ་ཞུས་པའོ།། ཨེ་མ་ཧོ་བཅོམ་ལྡན་ཀུན་ཏུ་བཟང་།། རང་སྣང་རིག་པའི་ཡེ་ཤེས་ལ།། སྣ་ཚོགས་སྣང་བའི་ཆོས་རྣམས་ཀུན།། འདི་ཡི་མཚན
70b4 ཅི་ལྟར་ལགས།། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ།། རང་རིག་བློ་ཡི་སྣང་བ་ལས།། སྣང་ཚུལ་བཅུ་བདུན་སྡང་བ་འདི།། འདི་ཡི་མཚན་ཉིད་གློ་བུར་བ།། རྒྱུ་རྐྱེན་དབང་གིས་སྣང་བ་ཡིན།། དཔེར་ནག་པུར་སྨན་དུག་ཚུལ།། སེམས་དཔའ་རྡོ་རྗེས་ཡང
70b5 གསོལ་པ།། ཨེ་མ་བཅོམ་ལྡན་ཀུན་རིག་ལགས།། འཁོར་བ་འཁྲུལ་པའི་སྣང་བ་འདི།། རྩད་ནས་གཅད་ན་ཅི་ལྟར་གཅད།། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ།། ཁམས་གསུམ་འཁོར་བའི་འཁྲུལ་སྣང་འདི།། རྨད་བྱུང་བདེ་འབྱམས་ནམ་མཁའ་ཉིད།
70b6 རྗེ་བཙན་རྩེ་མོ་ཀུན་འདུས་པ།། སྲོག་དང་མྱུ་གུ་རིན་པོ་ཆེ།། བདེ་བ་སྤྱི་གཅོད་སེམས་ཀྱི་ཏིག། རིན་ཆེན་ལྟེ་བུའི་སྒྲོན་མ་ཡིས།། འཁོར་བརྩད་ནས་གཅད་པར་བྱ།། དེ་སྐད་གསུངས་པའི་ཚིག་རྗེས་ལ།། སེམས་དཔའ་རྡོ་རྗེས་ཡང་ཞུས་པ།། ཨེ་མ་བཅོམ
70b7 ལྡན་པདེ་གཤེགས་ཡབ།། འཁོར་བརྒྱད་ནས་གཅད་པའི་ཕྱིར།། རྨད་བྱུང་བཅུ་གསུམ་རིན་པོ་ཆེ།། ཡང་དག་གྱེས་པར་བཤད་དུ་གསོལ།། རིན་པོ་ཆེ་དང་མཉམ་པོ་སྐྱེ་བ་མེད་པའི་རྒྱུད་ལས། གླེང་གཞིའི་ལེའུ་སྟེ་དང་པོའོ།། ། དེ་ནས




iiif viewer powered by OpenSeadragon

70a - 71a

Texts on this page

Gdg006.16 - chos thams cad byang chub kyi sems rdzogs pa chen po 'khor ba rtsad nas gcod pa rin po che dang mnyam pa skye ba med pa'i rgyud